33329

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་རྣམ་ཐར་ (1)
Part of speech མིང་ཚིག
Definition གཟུགས་མེད་རྣམ་ཐར་བཞིའི་ནང་གསེས། མིག་ལ་སོགས་པའི་རྣམ་པར་ཤེས་པ་ལྔ་ནུབ་སྟེ་མི་འབྱུང་བས་དེའི་རྗེས་སུ་འཇུག་པའི་ཡིད་ཀྱི་རྣམ་པར་ཤེས་པ་དང༌། དེ་དང་འགྲོགས་པའི་འདུ་ཤེས་ཀྱང་མི་འབྱུང་དེ་ལྟར་ཕྱིའི་ཡུལ་དང་ཡུལ་ལ་རྒྱུ་བའི་རྣམ་པར་ཤེས་པ་མི་འབྱུང་བས་ན་ཆོས་ཐམས་ཅད་ནམ་མཁའ་ཙམ་དུ་ཟད་ལ། ནམ་མཁའ་ནི་མཐའ་ཡས་སོ་སྙམ་དུ་སྙོམས་པར་ཞུགས་པ་སྟེ་ནམ་མཁའ་མཐའ་ཡས་སྐྱེ་མཆེད་རྫོགས་པར་བྱས་ཏེ་གནས་པའོ། །
Domain ཆོས་ལུགས།