33339
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | རབ་བྱུང་བརྒྱད་པའི་ཆུ་བྱ་ཕྱི་ལོ་ ༡༤༥༣ ལོར་ས་སྐྱར་ཡབ་ཝང་ནམ་མཁའ་རྒྱལ་མཚན་དང་། ཡུམ་མ་གཅིག་རྒྱལ་མོ་གཉིས་ཀྱི་སྲས་སུ་འཁྲུངས། གཞོན་དུས་ནས་ཀྱཻ་རྡོར་དང་། རྡོ་རྗེ་ཕུར་པའི་ཐུགས་དམ། སྔགས་རིང་མང་པོའི་བཟླས་བརྗོད་སོགས་དང་། རྩ་བའི་རྒྱུད་བརྟག་གཉིས་སོགས་ལ་གསན་སྦྱོང་མཛད། བཅོ་ལྔ་པར་གདན་ས་ཆེན་པོ་ནས་ཉི་མ་སུམ་སྦྲེལ་དུ་ཡབ་མེས་ཀྱི་བཀའ་ཆོས་གསུངས། གདན་སའི་སྐྱེ་བོ་ཐམས་ཅད་ཡི་པར་རངས་གྱུར། གདུང་རྒྱུད་ཀྱི་ཕ་ཆོས་གསུངས་པར་འདིས་ལྷག་མ་བྱུང་ཞེས་བསྔགས་པ་བརྗོད། འདས་ལོ་མི་གསལ། |