From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
ནམ་མཁའ་རྡོ་རྗེ་ (1)
| Part of speech
|
མིང་ཚིག
|
| Definition
|
དུས་རབས་བཅུ་བཞི་པའི་སྟོད་དུ་འཁྲུངས། ཆུང་དུས་ནས་ཆོས་སྒོར་ཞུགས། རབ་བྱུང་དང་། དགེ་ཚུལ། ་སློང་གི་སྡོམ་པ་རིམ་གྱིས་མནོས། འདུལ་གཞུང་སོགས་ལ་ཐོས་བསམ་མཛད། ལེགས་སྦྱར་གྱི་སྐད་ཡིག་ལ་ཕུལ་དུ་ཕྱིན་པའི་ལོ་ཙཱ་བ་ཞིག་ཡིན། བསྒྱུར་རྩོམ་ནི་བསྟན་འགྱུར་ལས་བཅོམ་ལྡན་འདས་མ་གཙུག་ཏོར་རྣམ་པར་རྒྱལ་མ་ལ་བསྟོད་པ་དང་། འཕགས་མ་གཙུག་ཏོར་གདུགས་དཀར་མོ་ལ་བསྟོད་པ། སྲུང་བ་ལྔའི་སྐོར་ལས་འཕགས་མ་རིག་པ་ཆེ་སོ་སོ་འབྲང་བའི་འཁོར་ལོའི་སེམས་སྦྱོང་བཅས་བཞུགས།
|
ནམ་མཁའ་རྡོ་རྗེ་ (2)
| Part of speech
|
མིང་ཚིག
|
| Definition
|
འཁྲུལ་ཞིག་ཆེན་པོ་ཉིན་དགོན་པ་བྱ་བྲལ་བ་མཆོག ཀུན་མཁྱེན་བླ་མ་ཚེ་དབང་མཆོག་གྲུབ་དང༌། ཛཿསྤྲུལ་བསོད་ནམས་རྣམ་རྒྱལ་སོགས་བླ་མར་བསྟེན་ནས་རྟོགས་པའི་ཡེ་ཤེས་ལ་མངའ་བརྙེས། ཉིན་དགོན་དུ་སྐུ་ཚེ་མཐར་མ་ཕྱིན་བར་བཞུགས་ནས་འཁྲུལ་པ་དབྱིངས་སུ་ཞི། སྣོད་ལྡན་གྱི་སློབ་མ་རེ་ཟུང་ལ་རྫོགས་པ་ཆེན་པོའི་གདམས་ཁྲིད་སྦྱིན་པ་སོགས་བསྟན་པ་ལའང་བཀའ་དྲིན་ཆེ་བར་སྣང་ངོ༌། །
|