33343

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ནམ་མཁའ་ལྟ་བུའི་བཟོད་པ་བཅུ་ (1)
Part of speech མིང་ཚིག
Definition ཕལ་ཆེན་ལེའུ་སུམ་ཅུ་སོ་བཞི་པ་བཟོད་པའི་ལེའུ་ལས་བྱུང་བ་སྟེ། འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནམ་མཁའ་ཇི་ལྟ་བ་དེ་ལྟར་མཚན་ཉིད་མེད་པའི་ཚུལ་གྱིས་ཆོས་ཀྱི་དབྱིངས་ཐམས་ཅད་ལ་འཇུག་གོ ། ནམ་མཁའ་ཇི་ལྟ་བ་དེ་ལྟར་ཞིང་ཐམས་ཅད་བསྒྲུབ་པ་མེད་པ་ཚུལ་གྱིས་འཇིག་རྟེན་གྱི་ཐམས་ཅད་ལ་འཇུག་གོ ། ནམ་མཁའ་ཇི་ལྟ་བ་དེ་ལྟར་གཉིས་སུ་མེད་པའི་ཚུལ་གྱིས་ཆོས་ཐམས་ཅད་ལ་འཇུག་གོ ། ནམ་མཁའ་ཇི་ལྟ་བ་དེ་ལྟར་འཇུག་པ་མེད་པའི་ཚུལ་གྱིས་སེམས་ཅན་ཐམས་ཅད་ཀྱི་སྤྱོད་པ་ལ་འཇུག་གོ ། ནམ་མཁའ་ཇི་ལྟ་བ་དེ་ལྟར་ནམ་པར་དབྱེ་བ་མེད་པའི་ཚུལ་གྱིས་སངས་རྒྱས་ཐམས་ཅད་ལ་འཇུག་གོ ། ནམ་མཁའ་ཇི་ལྟ་བ་དེ་ལྟར་ཐ་དད་པ་མེད་པའི་ཚུལ་གྱིས་དེ་བཞིན་གཤེགས་པའི་སྟོབས་ཐམས་ཅད་ལ་འཇུག་གོ ། ནམ་མཁའ་ཇི་ལྟ་བ་དེ་ལྟར་སྔོན་གྱི་མཐའ་དང༌། ཕྱི་མའི་མཐའ་དང༌། ད་ལྟར་བྱུང་བའི་ཚུལ་གྱིས་བསམ་གཏན་ཐམས་ཅད་ལ་རབ་ཏུ་འཇུག་གོ ། ནམ་མཁའ་ཇི་ལྟ་བ་དེ་ལྟར་བརྗོད་དུ་མེད་པའི་ཚུལ་གྱིས་ཆོས་ཐམས་ཅད་ཡང་དག་པར་བསྟན་པ་ལ་འཇུག་གོ ། ནམ་མཁའ་ཇི་ལྟ་བ་དེ་ལྟར་ཆགས་པ་མེད་ཅིང་བསྒྲིབས་པ་མེད་པའི་ཚུལ་གྱིས་དེ་བཞིན་གཤེགས་པ་ཐམས་ཅད་སྐུ་ལ་འཇུག་གོ ། ནམ་མཁའ་ཇི་ལྟ་བ་དེ་ལྟར་ནམ་མཁའི་དབྱིངས་ཀྱི་ཚུལ་གྱིས་ཆོས་ཐམས་ཅད་བསལ་བ་མེད་པ་ལ་འཇུག་པའོ། །
Domain ཆོས་ལུགས།