33344
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྔགས། ཨ་ནུ་ཡོ་ག རྙིང་མ། མདོ་དགོངས་པ་འདུས་པ་ལས་གསུངས་པའི་ཐབས་འཛུད་བསྲེ་བའི་སྤྱོད་པའི་ཁོངས་གཏོགས་བརྟུལ་ཞུགས་ཀྱི་སྤྱོད་པ་ཉེར་གསུམ་གྱི་ནང་གསེས་ཤིག་སྟེ། གདུལ་བྱའི་དོན་དུ་རྣམ་པ་ཕྱི་རོལ་པའི་ནམ་མཁའ་ལྟ་བུའི་བརྟུལ་ཞུགས་དང་རྗེས་མཐུན་དུ་སྤྱད་ནས་དོན་ལ་གསང་བ་མཆོག་གི་ལམ་ལ་དྲང་བའི་ཐབས་མཁས་ཀྱི་སྤྱོད་ཚུལ་ཞིག སྒྱུ་འཕྲུལ་རྔམ་གློག་ལས། ནམ་མཁའ་ལྟ་བུའི་བརྟུལ་ཞུགས་ཀྱིས། །ཡངས་དོག་ཀུན་དང་བྲལ་བར་བྱ། །ཞེས་དང་གཟི་ལྡན་འཆར་ཁའི་འོད་སྣང་ལས། དཔེར་ན་ནམ་མཁའ་ལ་ཡང་དོག་མེད་པ་ལྟར་རྣལ་འབྱོར་པས་ཀྱང་ཏིང་ངེ་འཛིན་རྒོད་འཕྱར་གྱི་དབང་དུ་མི་འགྱུར་བ་དང་མཆེད་ལྕམ་གྱི་ནང་དུ་ཤོང་ཡངས་ཆེ་ཞིང་གུ་དོག་མེད་པར་གང་ལའང་སྤོང་ལེན་དང་རེ་དོགས་ཀྱི་རྣམ་རྟོག་ཀུན་དང་བྲལ་བའི་བརྟུལ་ཞུགས་ཏེ། ཞེས་གསུངས། |
| Domain | ཆོས་ལུགས། |