33349
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | འཕགས་པ་སྤྲིན་ཆེན་པོ་ཞེས་བྱ་བའི་མདོ་ལས་བྱུང་བ་སྟེ། ནོར་རྒྱས་ཀྱི་བུའི་སྟོབས་རབ་ཏུ་འཇོམས་པའི་རྣམ་པར་འཕྲུལ་པའི་རྒྱལ་པོ་ཞེས་བྱ་བའི་ཆོས་ཀྱི་སྒོ། རང་གི་སྟོབས་མངོན་པར་སྟོན་པ་ལ་འཇུག་པ་ཞེས་བྱ་བའི་ཆོས་ཀྱི་སྒོ། སྒྲ་ལ་མངོན་པར་རབ་ཏུ་དགའ་བ་ལ་འཇུག་པ་ཞེས་བྱ་བའི་ཆོས་ཀྱི་སྒོ། ཆུའི་རླབས་ལ་འཇུག་པ་ཞེས་བྱ་བའི་ཆོས་ཀྱི་སྒོ། རྒྱ་མཚོའི་དུས་ཀྱི་ང་རྒྱལ་གྱི་རྒྱགས་པ་མེད་པར་བྱེད་པ་ཞེས་བྱ་བའི་ཆོས་ཀྱི་སྒོ། རི་བོའི་རྒྱལ་པོའི་ཕུག་ཏུ་མངོན་པར་སྒྲོག་པའི་དུས་ལ་འཇུག་པ་ཞེས་བྱ་བའི་ཆོས་ཀྱི་སྒོ། རླུང་གིས་མཆོག་གི་དུས་ཀྱི་ཕྱོགས་ལ་འཇུག་པ་ཞེས་བྱ་བའི་ཆོས་ཀྱི་སྒོ། མིག་རྒྱང་རིང་བར་སྟོན་པ་ངེས་པར་སེམས་པ་ལ་འཇུག་ཞེས་བྱ་བའི་ཆོས་ཀྱི་སྒོ། མྱུར་དུ་གདུག་པའི་སྦྲུལ་ལ་རྩེ་བ་ཞེས་བྱ་བའི་ཆོས་ཀྱི་སྒོ། རིན་པོ་ཆེའི་འོད་ཟེར་བཟང་པོའི་སྟོབས་ཐོབ་ལ་འཇུག་པ་ཞེས་བྱ་བའི་ཆོས་ཀྱི་སྒོའོ། ། |
| Domain | ཆོས་ལུགས། |