33357

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ནམ་མཁའི་ཁམས་ (1)
Part of speech མིང་ཚིག
Definition མདོ། མངོན་པ། བྱེ་བྲག་སྨྲ་བ། སྒོ་དང་སྐར་ཁུང་དང་བུ་ག་དང་ཁོག་པ་སོགས་ཀྱི་སྟོང་ཆ་འདུས་བྱས་ཞིག་སྟེ། དེ་ནི་འདུས་བྱས་ཡིན་ལ་ནམ་མཁའ་ནི་འདུས་མ་བྱས་ཡིན་པའི་ཕྱིར་ཏེ། མཆིམས་མཛོད་ལས། སྒོ་དང་སྐར་ཁུང་ལ་སོགས་པའི་བུ་ག་ནི་ནམ་མཁའི་ཁམས་སུ་ཤེས་པར་བྱ་སྟེ། (བྱེ་བྲག་ཏུ་སྨྲ་བ་རྣམས་ནི་ཕྱི་ནང་གི་དབྱེ་བ་གསུངས་པའི་ཕྱིར་ནམ་མཁའི་ཁམས་ནི་ནམ་མཁའ་ལས་ཐ་དད་དེ། མདོ་ལས་ནང་གི་ནམ་མཁའ་གང་ཞེ་ན། ལུས་འདིའི་ནམ་མཁའ་གང་ཞིག་ནང་ལ་བརྟེན་པ། ནམ་མཁར་གྱུར་པ། མི་གསལ་བ། ཁྲག་དང་ལྤགས་པས་མ་ཁྱབ་པ་སྟེ་དཔེར་ན་མིག་གི་བུ་ག་ལྟ་བུ་སྟེ་ཞེས་པ་ལ་སོགས་པ་དང༌། ཕྱིའི་ནམ་མཁའ་གང་ཞེ་ན། ཕྱིའི་ནམ་མཁའ་གང་ཞིག་ནམ་མཁར་གྱུར་པ། མི་གསལ་བ། གཟུགས་སུ་གྱུར་པ་ལས་མ་ཁྱབ་པ་ཞེས་པ་ལ་སོགས་པ་གསུངས་སོ། །གཞན་ཡང་གཟུགས་ཀྱི་འདོད་ཆགས་དང་བྲལ་བ་ལ་ནམ་མཁའི་ཁམས་ཡངས་པར་གསུངས་པའི་ཕྱིར་ཏེ་མདོ་ལས། གང་གི་ཕྱིར་དེའི་སེམས་ཁམས་ལྔ་རྣམས་ལས་འདོད་ཆགས་དང་བྲལ་བར་རྣམ་པར་གྲོལ་བར་འགྱུར་ལ། དེ་ནས་དེའི་རྣམ་པར་ཤེས་པ་ཉིད་ལྷག་མར་ལུས་པར་འགྱུར་རོ་ཞེས་གསུངས་ལ། ཟག་མེད་ནི་སྤང་བྱ་མ་ཡིན་ནོ་ཞེས་གསུངས་སོ་ཞེས་ཟེར་རོ། །) དེ་ཡང་ཉིན་མོ་སྣང་བ་དང་མཚན་མོ་མུན་པའི་རང་བཞིན་དག་ཡིན་པའི་ཕྱིར་གཟུགས་ཀྱི་ཁམས་ཀྱིས་བསྡུས་སོ་ལོ། །འདི་ནི་བྱེ་བྲག་ཏུ་སྨྲ་བའི་འདོད་པ་སྟེ་(རྩིག་པ་ལ་སོགས་པའི་ཐོགས་བཅས་ཀྱི་ཉེ་འཁོར་ན་ཡོད་པ། )ཐོགས་བཅས་ཉེ་འཁོར་བ(འི་གཟུགས། )ཡིན་ནོ་ཞེས་ཟེར་རོ། །ཞེས་དང་། སེར་སྨད་རྒྱལ་དབང་མཛོད་ལས། དེ་ལ་ནམ་མཁའི་ཁམས་ནི་བྱེ་བྲག་སྨྲ་བས། སྒོ་དང་སྐར་ཁུངས་ལ་སོགས་པའི་བུ་ག་ལྟ་བུ་ཉིན་མོ་སྣང་བ་དང༌། མཚན་མོ་མུན་པའི་རང་བཞིན་ཅན་ཡིན་པས་གཟུགས་ཀྱི་ཁམས་ཀྱིས་བསྡུས་པར་འདོད་ལ། དེ་ནི་བུ་ག་ཞེས་པ་མཚན་གཞིར་བཟུང་བ་ལས་དེ་ཙམ་དུ་མ་ངེས་ཏེ། ལུས་ཀྱི་ནང་དང༌། ཁང་པ་དང་བུམ་ནང་སོགས་ཀྱི་སྟོང་ཆ་དང༌། ཕྱི་རོལ་བར་སྣང་གི་སྟོང་ཆ་སོགས་མིག་ངོར་སྣང་བ་དང་མུན་པ་གང་རུང་གི་རྣམ་པར་འཆར་བའི་སྟོང་ཆ་མཐའ་དག་ནམ་མཁའི་ཁམས་སུ་འཇོག་པར་སྣང་ལ། སྔགས་གསར་རྙིང་གི་ཚེ་བསྲིང་བའི་གདམས་པ་སོགས་དང༌། སྒྲ་གཞུང་དང༌། རྩིས་གཞུང་སོགས་ནས་འབྱུང་བ་ལ་ལྔར་ཕྱེ་སྟེ་འབྱུང་བ་ནམ་མཁའི་ཁམས་ཞེས་འདོད་པ་དང༌། འཇིག་རྟེན་རང་ག་བ་རྣམས་ལ་ཡང༌། གནམ་དང༌། བར་སྣང་གི་ཁམས་ཞེས་གྲགས་པ་སོགས་དང་འཇོག་ཚུལ་མཐུན་པར་སྣང་ལ། དེའི་བསམ་དོན་ནི། སྟོང་ཆ་དེ་དག་གིས་རང་གི་གོ་སར་གཟུགས་ཅན་གཞན་འབྱུང་བ་ལ་གེགས་མི་བྱེད་པའི་ཆ་ནས་ནམ་མཁའ་དང་མཚུངས་ཀྱང་མིག་ངོར་འཆར་བའི་ཚེ་སྣང་བ་དང་མུན་པ་གང་རུང་གི་རྣམ་པར་འཆར་བ་ལ་བསམ་ནས་ནམ་མཁའི་ཁམས་ཞེས་འདུས་བྱས་གཟུགས་ཅན་བྱེ་བྲག་པ་ཞིག་ཏུ་ངོས་འཛིན་ཏོ། །ཞེས་གསུངས།
Domain [ཆོས་ལུགས།, ལྟ་གྲུབ།]

{{#arraymap:ནམ་མཁའི་ཁམས་

|; |@@@ | | }}

ནམ་མཁའི་ཁམས་ (2)
Part of speech མིང་ཚིག
Definition མདོ་སྡེ་བ། ཁམས་དྲུག་གི་ནང་གསེས་ཤིག་སྟེ། ནམ་མཁའ་དང་ནམ་མཁའི་ཁམས་གཉིས་འདུས་མ་བྱས་སུ་མཚུངས་ཀྱང་ཁྱབ་ཆེ་ཆུང་གི་ཁྱད་པར་ཡོད་དེ། ནམ་མཁའི་ཁམས་ནི། བུ་ག་དང༌། བར་སྣང་གི་ནམ་མཁའ་སོགས་སྟོང་ཆ་བྱེ་བྲག་པ་རྣམས་ལ་བྱེད་དེ། སེར་སྨད་རྒྱལ་དབང་མཛོད་ལས། དེས་ན་དོན་གྱི་གནས་ཚོད་དངོས་ནི། མདོ་སྡེ་པས། སྣང་བ་དང་མུན་པ་ནི་འདུས་བྱས་ཡིན་ལ། ནམ་མཁའི་ཁམས་འདུས་མ་བྱས་སུ་མདོ་ལས་བཤད་པའི་ཐོགས་མེད་ཉེ་འཁོར་བ་ཡིན་ནོ། །ཞེས་འདོད་པ་ལྟར་དོན་ལ་གནས་ཏེ། བུ་ག་དང༌། བར་སྣང་སོགས་ཀྱི་སྟོང་པའི་ཆ་ནི་འདུས་མ་བྱས་ཀྱི་ནམ་མཁར་འདོད་དགོས་ལ། དེ་དག་ལ་སྣང་མུན་སོགས་ཤར་བའི་ཚེ་སྟོང་བ་དེས་སྣང་མུན་སོགས་ཀྱི་གོ་འབྱེད་པ་ལ་བརྟེན་ནས་ཤར་བ་ལས་སྟོང་པ་དེ་སྣང་མུན་གྱི་རང་བཞིན་དུ་སོང་བ་ག་ལ་ཡིན། གལ་ཏེ་དེ་ལྟར་ཡིན་ན་བུམ་པ་ཆུས་གང་བའི་ཚེ་བུམ་ནང་གི་སྟོང་པ་དེ་ཆུའི་རང་བཞིན་དུ་སོང་བ་དང༌། གཙུག་ལག་ཁང་དགེ་འདུན་གྱིས་གང་བའི་ཚེ་ཁང་པའི་སྟོང་ཆ་དེ་དགེ་འདུན་གྱི་ངོ་བོར་སོང་བ་སོགས་སུ་འདོད་དགོས་ཏེ། རིགས་པ་མཚུངས་པའི་ཕྱིར། དེས་ན་ནམ་མཁའི་ཁམས་ནི་འདུས་མ་བྱས་ཀྱི་ནམ་མཁའི་བྱེ་བྲག་ཉིད་དུ་འདོད་དགོས་ཤིང༌། འདུས་མ་བྱས་ཀྱི་ནམ་མཁའ་ཡིན་ན་ནམ་མཁའི་ཁམས་ཡིན་པས་ནི་མ་ཁྱབ་པ་འདྲ་སྟེ། མདོ་སྡེ་པས་ཀྱང་ཐོགས་མེད་ཉེ་འཁོར་བའོ། །ཞེས་བཤད་པས་ན། བུ་ག་དང༌། བར་སྣང་གི་ནམ་མཁའ་སོགས་སྟོང་ཆ་བྱེ་བྲག་པ་རྣམས་ནམ་མཁའི་ཁམས་སུ་འཇོག་པ་ལས། གཟུགས་ཅན་ཀུན་ལ་ཁྱབ་བྱེད་དུ་འཇུག་པ་སོགས་ཀྱིས་ནམ་མཁའ་མཐའ་དག་ནམ་མཁའི་ཁམས་སུ་འཇོག་པ་ནི་མིན་འདྲ་ཞིང༌། དེ་ལྟ་ན་ནམ་མཁའི་ཁམས་གཟུགས་ཅན་དུ་འདོད་མི་འདོད་ཀྱི་ཁྱད་པར་ལས། འཇོག་ཚུལ་རྒྱ་ཆེ་ཆུང་བྱེ་བྲག་སྨྲ་བ་དང་མཐུན་ནམ་སྙམ་ཡང་མཁས་པ་རྣམས་ཀྱིས་ད་དུང་དཔྱད་པར་མཛད་དུ་གསོལ། །ཞེས་གསུངས།

{{#arraymap:ནམ་མཁའི་ཁམས་

|; |@@@ | | }}

ནམ་མཁའི་ཁམས་ (3)
Part of speech མིང་ཚིག
Definition སྔགས། སྔགས་ཀྱི་གཞུང་དུ་ཡུམ་གྱི་བྷ་གའམ་མོ་མཚན་ལ་འཇུག
Example ནམ་མཁའི་ཁམས་རྡོ་རྗེ་སྦྱོར་བ་ལས་ནི་ཡང་དག་སྤྱན་ཅན་ཞེས་སོགས་གསུངས་པ་ལྟར་རོ། །

{{#arraymap:ནམ་མཁའི་ཁམས་

|; |@@@ | | }}