33371

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ནམ་མཁའི་དཀྱིལ་ཡོངས་སུ་དག་པའི་ཆོས་ཀྱི་ཕྱག་རྒྱ་སོ་གཉིས་ (1)
Part of speech མིང་ཚིག
Definition འཕགས་པ་ནམ་མཁའ་མཛོད་ཀྱིས་ཞུས་པའི་མདོ་ལས་བྱུང་བ་སྟེ། ༡ དངོས་པོ་མེད་པས་ཆོས་ཐམས་ཅད་ཡོད་པ་དང་མེད་པ་དང་བྲལ་བ། ༢ རྣམ་པར་རིག་པའི་མཚན་ཉིད་པས་ཆོས་ཐམས་ཅད་དངོས་པོ་མེད་པ། ༣ སྣང་བར་གྱུར་པ་མེད་པས་ཆོས་ཐམས་ཅད་རྣམ་པར་རིག་པ་མེད་པ། ༤ རྒྱུ་དང་དམིགས་པ་མེད་བས་ཆོས་ཐམས་ཅད་སྣང་བར་གྱུར་བ་མེད་པ། ༥ ཉེ་བར་ཞི་བར་མཚན་ཉིད་པས་ཆོས་ཐམས་ཅད་དམིགས་པ་མེད་པ། ༦ གཉིས་སུ་མེད་པས་ཆོས་ཐམས་ཅད་ཉེ་བར་ཞི་བ། ༧ སོ་སོ་ཐ་དད་པ་མེད་པས་ཆོས་ཐམས་ཅད་གཉིས་སུ་མེད་པ། ༨ ཚུལ་གཅིག་ལ་ཞུགས་པས་ཆོས་ཐམས་ཅད་ཐ་དད་པ་མེད་པ། ༩ ངོ་བོ་ཉིད་ཀྱི་མཚན་ཉིད་དང་བྲལ་བས་ཆོས་ཐམས་ཅད་ཚུལ་གཅིག་པ། ༡༠ དུས་གསུམ་ལས་ཡང་དག་པར་འདས་པས་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པ། ༡༡ ཐམས་ཅད་ལ་མི་གནས་པས་ཆོས་ཐམས་ཅད་ནམ་མཁའི་དཀྱིལ། ༡༢ ཐམས་ཅད་དུ་མི་སྣང་བས་ཆོས་ཐམས་ཅད་མི་གནས་པའི་སྒོ། ༡༣ ཡུལ་གྱི་ལམ་ལས་ཡང་དག་པར་འདས་པས་ཆོས་ཐམས་ཅད་སྣང་བ་མེད་པ། ༡༤ ནང་དང་ཕྱིའི་རྣམ་པར་དག་པས་ཆོས་ཐམས་ཅད་ཡུལ་མེད་པ། ༡༥ རང་བཞིན་གྱིས་ཀུན་ནས་ཉོན་མོངས་པ་ཅན་མ་ཡིན་པས་ཆོས་ཐམས་ཅད་རྣམ་པར་དག་པ། ༡༦ ངོ་བོ་ཉིད་ཀྱིས་ཉེ་བར་ཞི་བས་ཆོས་ཐམས་ཅད་རང་བཞིན་གྱིས་ཡོངས་སུ་དག་པ། ༡༧ སེམས་དང་ཡིད་དང་རྣམ་པར་ཤེས་པ་མེད་པས་ཆོས་ཐམས་ཅད་ཉེ་བར་ཞི་བ། ༡༨ གཟོད་མ་ནས་མ་བྱུང་བས་ཆོས་ཐམས་ཅད་མཚན་ཉིད་མེད་པ། ༡༩ ང་ཡི་བ་མེད་ཅིང་ཡོངས་སུ་འཛིན་པ་མེད་པས་ཆོས་ཐམས་ཅད་གཟོད་མ་ནས་མ་བྱུང་བ། ༢༠ བདག་པོ་མེད་པས་ཆོས་ཐམས་ཅད་ང་ཡི་བ་མེད་ཅིང་ཡོངས་སུ་འཛིན་པ་མེད་པ། ༢༡ རང་བཞིན་གྱིས་བདག་མེད་པས་ཆོས་ཐམས་ཅད་བདག་པོ་མེད་པ། ༢༢ གཟོད་མ་ནས་རྣམ་པར་དག་པས་ཆོས་ཐམས་ཅད་རང་བཞིན་གྱིས་བདག་མེད་པ། ༢༣ ལྡོག་པ་མེད་པས་ཆོས་ཐམས་ཅད་གཟོད་མ་ནས་རྣམ་པར་དག་པ། ༢༤ སྒྱུ་མའི་མཚན་ཉིད་ཀྱི་རང་བཞིན་པས་ཆོས་ཐམས་ཅད་ལྡོག་པ་མེད་པ། ༢༥ དངོས་པོ་མེད་པས་ཆོས་ཐམས་ཅད་སྒྱུ་མ་ལྟ་བུ། ༢༦ མངོན་པར་འདུ་མི་བྱེད་པའི་མཚན་ཉིད་པས་ཆོས་ཐམས་ཅད་དངོས་པོ་མེད་པ། ༢༧ སེམས་དང་ལུས་དབེན་པས་ཆོས་ཐམས་ཅད་མངོན་པར་འདུས་མ་བྱས་པ། ༢༨ མཚན་ཉིད་མེད་ཅིང་མཚན་ཉིད་ཀྱི་གཞིའི་མཚན་ཉིད་མེད་པས་ཆོས་ཐམས་ཅད་དབེན་པའི་མཚན་ཉིད། ༢༩ རང་གི་མཚན་ཉིད་ལས་མ་གཡོས་པས་ཆོས་ཐམས་ཅད་མཚན་ཉིད་མེད་པ། ༣༠ གནས་དམིགས་སུ་མེད་པས་ཆོས་ཐམས་ཅད་མ་གཡོས་པ། དམིགས་པ་མེད་པའི་མཐའ་ལ་རབ་ཏུ་གནས་པས་ཆོས་ཐམས་ཅད་གནས་མེད་པ། ༣༡ ཀུན་གཞི་མེད་པས་ཆོས་ཐམས་ཅད་དམིགས་པ་མེད་པ་དང༌། ༣༢ ཀུན་གཞི་དང་བྲལ་བས་ཆོས་ཐམས་ཅད་ཀུན་གཞི་མེད་པ་བཅས་སོ། །
Domain ཆོས་ལུགས།