33396

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ནམ་མཁའི་རྣམ་གྲངས་ཀྱི་ཆོས་བཅུ་གཉིས་ (1)
Part of speech མིང་ཚིག
Definition སྔགས། ཨ་ནུ་ཡོ་ག རྙིང་མ། མདོ་དགོངས་པ་འདུས་པ་ལས་མཚོན་པ་དཔེའི་རྩ་བ་བཤད་སྐབས། དཔེ་ནམ་མཁའ་མ་བྱས་ཤིང་གཉེན་པོ་མེད་པ་བཞིན་དོན་ཆོས་ཉིད་ཀྱང་དེ་དང་འདྲ་བར་སྟོན་ཚེ་ནམ་མཁའི་ཁྱད་ཆོས་བཅུ་གཉིས་སུ་གསུངས་པ་སྟེ། དཔེར་ན་ནམ་མཁའ་ནི་བྱེད་པ་པོ་སུས་ཀྱང་མ་བྱས་པ་དང། བྱེད་པ་པོ་དེ་ཉིད་ཀྱང་ཡེ་མེད་པ་དང། རྒྱུ་དྲུག་ལས་མ་བྱུང༌བ་དང། རྐྱེན་བཞི་ལས་མ་བསྐྱེད་པ་དང། དུས་ཐོག་མར་མ་སྐྱེས་པ་དང། ཐ་མར་མི་འཇིག་པ་དང། ཐོག་མར་མི་དམིགས་པ་དང། ཐ་མར་ཡང་མི་དམིགས་པ་དང། ཐོབ་པ་མེད་པ་དང། མ་ཐོབ་པ་མེད་པ་དང། རེ་བ་མེད་པ་དང། བརྩལ་བ་མེད་པ་བཅས་བཅུ་གཉིས་སོ། །
Domain ཆོས་ལུགས།