33397
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྔགས། ཨ་ནུ་ཡོ་ག རྙིང་མ། མདོ་དགོངས་པ་འདུས་པ་ལས་མཚོན་པ་དཔེའི་རྩ་བ་བཤད་སྐབས། དཔེ་ནམ་མཁའ་མི་འགྱུར་ཞིང་མ་བཅོས་པ་བཞིན་དོན་ཆོས་ཉིད་ཀྱང་བཅོས་འགྱུར་མེད་པར་སྟོན་པའི་ཚེ་གསུངས་པའི་ནམ་མཁའི་ཁྱད་ཆོས་ལྔ་བཅུ་སྟེ། ནམ་མཁའི་ངོ་བོ་སྔར་ཡོད་པ་ལས་ཕྱིས་མེད་པར་གྱུར་པ་མ་ཡིན་པ་དང། སྔར་མེད་པ་ལས་ཕྱིས་ཡོད་པར་གྱུར་པ་མ་ཡིན་པ་དང། སྔར་གསལ་བ་ལས་ཕྱིས་མི་གསལ་བར་གྱུར་པ་མེད་པ་དང། སྔར་མི་གསལ་བ་ལས་ཕྱིས་གསལ་བར་གྱུར་པ་མེད་པ་དང། སྔར་ཐ་དད་པ་ལས་ཕྱིས་གཅིག་ཏུ་གྱུར་པ་མེད་པ་དང། སྔར་གཅིག་པ་ལས་ཕྱིས་ཐ་དད་པར་གྱུར་པ་མེད་པ་དང། སྔར་ཡིན་པ་ལས་ཕྱིས་མིན་པར་གྱུར་པ་མེད་པ་དང། སྔར་མིན་པ་ལས་ཕྱིས་ཡིན་པར་གྱུར་པ་མེད་པ་དང། སྔར་ཉེ་བ་ལས་ཕྱིས་རིང་བར་གྱུར་པ་མེད་པ་དང། སྔར་རིང་བ་ལས་ཕྱིས་ཉེ་བར་གྱུར་པ་མེད་པ་དང། ཆེ་བ་ཆུང་བར་གྱུར་པ་མེད་པ་དང། ཆུང་བ་ཆེ་བར་གྱུར་པ་མེད་པ་དང། བཟང་བར་གྱུར་པ་མེད་པ་དང། ངན་པར་གྱུར་པ་མེད་པ་དང། བདེ་བར་གྱུར་པ་མེད་པ་དང། སྡུག་བསྔལ་བར་གྱུར་པ་མེད་པ་དང། ཁྱབ་པར་གྱུར་པ་མེད་པ་དང། མ་ཁྱབ་པར་གྱུར་པ་མེད་པ་དང། འབྱུང་བར་གྱུར་པ་མེད་པ་དང། མི་འབྱུང་བར་གྱུར་པ་མེད་པ་དང། དག་པར་གྱུར་པ་མེད་པ་དང། མ་དག་པར་གྱུར་པ་མེད་པ་དང། གྲུབ་པར་གྱུར་པ་མེད་པ་དང། མ་གྲུབ་པར་གྱུར་པ་མེད་པ་དང། མཐོ་བར་གྱུར་པ་མེད་པ་དང། དམའ་བར་གྱུར་པ་མེད་པ་དང། ཡངས་པར་གྱུར་པ་མེད་པ་དང། དོག་པར་གྱུར་པ་མེད་པ་དང། དབྱིབས་སུ་གྱུར་པ་མེད་པ་དང། དབྱིབས་མེད་པར་གྱུར་པ་མེད་པ་དང། ཁ་དོག་ཏུ་གྱུར་པ་མེད་པ་དང། ཁ་དོག་མེད་པར་གྱུར་པ་མེད་པ་དང། ཕྱི་རུ་གྱུར་པ་མེད་པ་དང། ནང་དུ་གྱུར་པ་མེད་པ་དང། སྐྱེ་བར་གྱུར་པ་མེད་པ་དང། འགག་པར་གྱུར་པ་མེད་པ་དང། འཕོ་བར་གྱུར་པ་མེད་པ་དང། མི་འཕོ་བར་གྱུར་པ་མེད་པ་དང། འགྱུར་བར་གྱུར་པ་མེད་པ་དང། མི་འགྱུར་བར་གྱུར་པ་མེད་པ་དང། མུན་པར་གྱུར་པ་མེད་པ་དང། སྣང་བར་གྱུར་པ་མེད་པ་དང། སྔོན་དུ་གྱུར་པ་མེད་པ་དང། ཕྱི་མར་གྱུར་པ་མེད་པ་དང། མཐའ་རུ་གྱུར་པ་མེད་པ་དང། དབུས་སུ་གྱུར་པ་མེད་པ་དང། བདག་ཏུ་གྱུར་པ་མེད་པ་དང། གཞན་དུ་གྱུར་པ་མེད་པ་དང། བླངས་ནས་དོར་བར་གྱུར་པ༌མེད་པ་དང། དོར་བ་ལས་བླངས་པར་གྱུར་བ་མེད་པ་བཅས་ལྔ་བཅུའོ། ། |
| Domain | ཆོས་ལུགས། |