33401

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ནམ་མཁའི་ལྷ་མོ་མཁའ་ཡངས་གདོས་བྲལ་མ་ (1)
Part of speech མིང་ཚིག
Definition སྔགས། ཡེ་གཤེན་རྒྱུད། བོན། བདེར་གཤེགས་རིགས་ལྔའི་ནང་གསེས་ལྷ་ཆེན་ཀུན་སྣང་ཁྱབ་པ་སྐུའི་ཕྱག་རྒྱའི་ཡུམ་ཡིན་ལ། གནས་ནི་དཀྱིལ་འཁོར་དབུས་ཀྱི་བྱང་ཕྱོགས་ལ། གདན་ཁྲི་ནི། པད་མའི་གདན་དུ་བཞུགས་སོ། །སྐུའི་ཆ་བྱད་ནི། སྐུ་མདོག་དཀར་མོ་དབུ་ལ་རིན་ཆེན་པྲོག་ཞུ་སྐུ་ལ་ཤེལ་དཀར་ན་བཟའ་ཅན། གཡས་པས་ཤེལ་ཕྲེང་དང་གཡོན་པས་ཤེལ་གྱི་གབ་ཙེ་བསྣམས་པ། སྐུ་གསུང་ཐུགས་སོགས་ཀྱི་ཕྲིན་ལས་ནི། སྐུ་ལ་ཕྱག་རྒྱ། གསུང་ལ་འཛབ་དབྱངས། ཐུགས་ལ་འོད་ཟེེར། ལེགས་པའི་ཡོན་ཏན། ལྷུན་འགྲུབ་ཕྲིན་ལས་བཅས་ཡོངས་སུ་རྫོགས་པར་མངའ་བ་ཞི་བའི་ཆ་བྱད་ཅན་གྱི་ལྷ་མོ་ཞིག་གོ ། ལྷ་མོ་འདིའི་སྐྱེད་བྱེད་ཀྱི་སྙིང་པོའམ་ས་བོན་ནི། བསྭོ་ཨཱོྃ་སལེ་ཁྲི་ལེ་འདུ་འདུ་མ། ཞེས་པའམ་བསྡུས་ན་མ་ཡིག་འདི་ཉིད་དོ། །ཡིག་འབྲུ་དེ་དག་གི་འབྲུ་དོན་ནམ་མཚོན་དོན་ནི། བསྭོ་ནི་མི་འགྱུར་བོན་གྱི་དབྱིངས་མཚོན་ལ། ཨཱོྃ་ནི་འགག་མེད་རྫོགས་སྐུ་མཚོན། སལེ་ནི་སྐུ་གསུམ་འདུ་འབྲལ་མེད་པར་མཚོན། ཁྲི་ལེ་ནི་ཤེས་རབ་ཏུ་མཚོན། མ་ནི་ནམ་མཁའི་ལྷ་མོ་འདི་ཉིད་དུ་མཚོན་པའོ། །གནས་ཡུལ་ནི། ལུས་ཀྱི་སྙིང་སྦུབ་གཡོན་དུ་གནས་སོ། །བྱེད་ལས་ནི། ལྷ་མོ་འདི་ཉིད་བསྐྱེད་པའི་གཞི་བྱེད་དོ། །དེའི་དོན་རྟོགས་དང་མ་རྟོགས་པའི་དགེ་སྐྱོན་ནི། རྟོགས་ན་བོན་སྐུ་བདེ་ཆེན་དང་གཤེན་ལྷ་འོད་དཀར་གྱི་སྐུ་རུ་འཐོབ་ལ། མ་རྟོགས་ན་ཞེ་སྡང་གི་ས་བོན་དུ་རྒྱུ་སྟེ་དམྱལ་བའི་ཞིང་དུ་ཤར་བར་གསུངས་སོ། །
Domain ཆོས་ལུགས།