33404

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ནམ་མཁའི་སྐས་བགྲོད་པའི་ཏིང་ངེ་འཛིན་ (1)
Part of speech མིང་ཚིག
Definition སྔགས། ཨ་ནུ་ཡོ་ག རྙིང་མ། མདོ་དགོངས་པ་འདུས་པའི་ལེའུ་དོན་གསུམ་པར་བསླབ་པའི་མཐའ་བཅུ་ལས་ཉམས་སུ་ཏིང་ངེ་འཛིན་གྱིས་བླང་བ་འཆད་སྐབས་མཚན་བཅས་ཏིང་ངེ་འཛིན་དུ་གཏོགས་པར་གསུངས། མདོ་འགྲེལ་མུན་པའི་གོ་ཆ་ལས། ནམ་མཁའི་སྐས་ལ་འཛེགས་པ་ནི། ལྷར་གསལ་བ་ལས་ནམ་མཁའ་ལ་ཧཱུྃ་ལས་རྡོ་རྗེའི་སྐས་དང་ས་གཞི་བསྒོམས་པས་སྟོབས་ཅན་དུ་གྱུར་པ་དང༌། ཕན་ཚུན་འགྲོ་བའི་ཚུལ་གྱིས་བགྲོད་ནས་སྣང་སྲིད་ལྟ་ཞིང་བཤད་པ་ལྟར་དེ་ན་གནས་པའི་འགྲོ་དོན་བྱ་བ་དང༌། ཞེས་པ་ལྟར། གཟི་ལྡན་འཆར་ཁའི་འོད་སྣང་ལས། ལྟས་དང་སྦྱོར་བས་ཆོ་འཕྲུལ་དང་ས་གོང་མ་སྒྲུབས་པས་རྒྱལ་བར་བསྟན་པའི་ཕྱིར། མི་དམིགས་པའི་ངང་ལས་ནམ་མཁའ་ལ་ཧཱུྃ་ལས་རྡོ་རྗེའི་ཐེམ་པ་དང་སྐས་བསྒོམ་ནས་བརྟན་པ་དང༌། ནམ་མཁའི་སྐས་དེར་བགྲོད་ནས་བདག་ནམ་མཁའི་དབྱིངས་ཀྱི་དབུས་སུ་འདུག་ཅིང་གནས་པར་གྱུར་ནས་སྣང་སྲིད་མཐའ་ཡས་ཐུག་པ་མེད་པ་ལ་བལྟ༵་བར་བྱས་པ་དེས་ནི་རྣལ་འབྱོར་པ་དེ་ཡིས་སེམས་ཀྱི་ཡུལ་ཡངས་ཤིང་རྒྱ་ཆེ་བར་འགྱུར་རོ། །དེ་ནི་བཤད་པ་བཞིན་ནམ་མཁར་བགྲོད་པའི་ཏིང་འཛིན་ནོ། །ཞེས་གསུངས།
Domain ཆོས་ལུགས།