3341

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཁ་ཤ་བསོད་ནམས་བཟང་པོ་ (1)
Part of speech མིང་ཚིག
Definition དུས་རབས་བཅུ་དགུ་པའི་སྟོད་དུ་ཁ་ཤ་མཐིལ་གྱི་ཉེ་འདབས་པདྨོ་སྟེང་དུ་འཁྲུངས། ཆུང་དུས་སུ་གསེར་ཁང་བློ་བཟང་བསྟན་འཛིན་རྒྱ་མཚོ་ལས་རབ་བྱུང་བསྒྲུབས། ཞྭ་དམར་ངག་དབང་བསྟན་འཛིན་རྒྱ་མཚོ་ལས་སུམ་རྟགས་གཉིས་དང་། སྙན་ངག་སོགས་གསན། དབུས་སུ་ཕེབས་ཏེ་སེར་བྱེས་གྲྭ་ཚང་དུ་ཞུགས། གཞུང་ཆེན་བཀའ་པོད་ལྔ་ལ་ཐོས་བསམ་ལེགས་པར་མཛད། ཕྱིས་སུ་བྱ་ཁྱུང་དགོན་དུ་ཕེབས། ར་ཚ་བློ་བཟང་དཔལ་ལྡན་རྒྱ་མཚོ་དང་། ཚེ་ཤོས་ངག་དབང་བཤད་སྒྲུབ་བསྟན་པའི་ཉི་མ། སྒར་བ་བློ་བཟང་དབང་ཕྱུག ཁྲེ་དམར་ཡེ་ཤེས་བསྟན་འཛིན་སོགས་བཤེས་གཉེན་མང་པོ་བསྟེན། ཆོས་བཀའ་མང་དུ་གསན། རབ་བྱུང་བཅོ་ལྔ་པའི་ཆུ་བྱ་ཕྱི་ལོ་ ༡༨༧༣ ལོར་ཆུ་བཟང་ཐུབ་བསྟན་བཤད་སྒྲུབ་ཉི་མས་བྱ་ཁྱུང་དགོན་པའི་མཁན་ཁྲིར་བསྐོས། ལོ་གསུམ་རིང་དུ་ཆོས་སྲིད་གཉིས་ཐད་ནས་གདན་ས་བསྐྱངས། ཕྱག་བཟོ་ལ་མཁས་པས་ཆོས་རྒྱལ་གྱི་འདྲ་འབག་དང་། སློབ་དཔོན་པདྨ་འབྱུང་གནས་ཀྱི་ལྡེར་སྐུ་བཅས་གསར་དུ་བཞེངས། བྱ་ཁྱུང་དགོན་པའི་གདན་སའི་མཁན་རབས་དོན་ལྔ་པ་ཡིན།

{{#arraymap:ཁ་ཤ་བསོད་ནམས་བཟང་པོ་

|; |@@@ | | }}