From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
ཁ་ཤགས་ (1)
| Part of speech
|
མིང་ཚིག
|
| Definition
|
མི་གཉིས་ཀྱིས་ཕན་ཚུན་ཀུ་རེའི་གཏམ་གྱིས་རྩོད་པའམ་ཤགས་འགྱེད་པའི་དོན་ཏེ།
|
| Example
|
ལོ་སར་གྱི་སྟོན་མོའི་སྐབས་སུ་གྲོགས་པོ་གཉིས་ཁ་ཤགས་འགྱེད་པ་ལྟ་བུ།
|
ཁ་ཤགས་ (2)
| Part of speech
|
མིང་ཚིག
|
| Definition
|
ཁ་ཤགས་སྒྱུ་རྩལ་གྱི་མིང་སྟེ། མི་གཅིག་གམ་གཉིས་སོགས་ཀྱིས་ཕན་ཚུན་ཤགས་འགྱེད་རེས་ལྟ་བུའི་སྒོ་ནས་འཁྲབ་སྟོན་བྱེད་པའི་སྒྱུ་རྩལ་ཞིག་ཡིན་ཞིང། ཚིག་དང་རྣམ་པས་བཞད་གད་སློང་བ་དང། ནང་དོན་གྱིས་ལྟད་མོ་བའམ་ཉན་མཁན་ལ་སྤྲོ་སྣང་སྦྱིན་པ་དང་སློབ་གསོ་གཏོང་བ་ཞིག་ཡིན།
|
| Example
|
སྒྱུ་རྩལ་བས་ཁ་ཤགས་བཤད་ལྟ་བུ།
|