3353

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཁ་ཤོར་བ་ (1)
Part of speech མིང་ཚིག
Definition རང་དབང་མེད་པར་ངག་ནས་ཁས་ལེན་གྱི་སྐད་ཆ་སོགས་ཐལ་བའི་དོན།
Example གཏམ་ཁ་ནས་ཤོར་བ་འཛིན་རྒྱུ་མེད། རྟ་ལག་ནས་ཤོར་བ་འཛིན་ཐབས་ཡོད་ལྟ་བུ།
ཁ་ཤོར་བ་ (2)
Part of speech མིང་ཚིག
Definition ཚོད་མ་ཟིན་པ་སྟེ།
Example རྩེད་མོའི་སྐབས་སུ་ལག་ཁ་ཤོར་བ་ལྟ་བུ།
ཁ་ཤོར་བ་ (3)
Part of speech མིང་ཚིག
Definition འགོག་མ་ཐུབ་པའི་དོན་ཏེ།
Example ཆུ་རགས་ཀྱི་ཁ་ཤོར་བ་ལྟ་བུ།