33587
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ཇོ་ནང་། ནཱ་རོ་ཆོས་དྲུག་གི་ཟབ་ཁྲིད་འདི་ཉིད་ཇོ་ནང་ཀུན་དགའ་གྲོལ་མཆོག་གིས་འཕགས་བོད་ཀྱི་རིས་སུ་མ་ཆད་པའི་མཁས་གྲུབ་རྣམས་ཀྱི་ཟབ་ཁྲིད་བརྒྱ་དང་བརྒྱད་ཕྱོགས་གཅིག་ཏུ་བསྡུས་པའི་ཟབ་ཁྲིད་ཀྱི་རིམ་པ་དོན་ལྔ་པ་ཡིན། བརྗོད་བྱ་ནི། པཎ་ཆེན་ན་རོ་པ་ནས་བརྒྱུད་པའི་ཆོས་དྲུག་གི་སྒོམ་པའི་རིམ་པ་མདོར་བསྡུས་ཏེ་བསྟན་ཡོད། བརྒྱུད་རིམ་ནི། ཇོ་ནང་ཁྲིད་བརྒྱའི་མཚན་སྡོམ་ལས། རྡོ་རྗེ་འཆང་ཆེན་ཏེ་ལོ་ནཱ་རོ་པ། མར་པ་མི་ལ་དྭགས་པོ་དུས་གསུམ་མཁྱེན། རས་ཆེན་སྤོམ་ལུག་གྲུབ་ཆེན་ཀརྨ་པ། གཉན་རས་རང་བྱུང་མགོན་པོ་རྒྱལ་མཚན་པ། རོལ་རྡོར་མཁའ་སྤྱོད་དབང་པོ་དེ་བཞིན་གཤེགས། སོག་དབོན་རིག་ངལ་མཐོང་བ་དོན་ལྡན་ཞབས། འཇམ་དཔལ་བཟང་པོ་ཆོས་གྲགས་རྒྱ་མཚོ་དང་། སྐྱབས་ཆེ་རྟོགས་ལྡན་ཏྲེ་ཧོ་ཆོས་རྒྱ་མཚོ། ཞེས་སོགས་བྱུང་ངོ་། །རྗེ་བཙུན་གྲོལ་མཆོག ནས། གསོལ་བ་འདེབས། ཞེས་པའི་བར་གཞན་རྣམས་དང་འདྲ། ཟབ་ཁྲིད་འདི་ནི་གཞུང་དེ་ཉིད་ལས། གསེར་ཞུན་མ་ལས་བཀོལ་ཏེ་བྲིས་སོ། །ཞེས་འབྱུང་ངོ་། ། |
| Domain | ཆོས་ལུགས། |