33592
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ༡ མཁར་ཆེན་པོའི་རྩེ་ནས་མཆོང་དུ་བཅུག་པ། ༢ མཁལ་ཁུང་ལ་སྨྱུག་མའི་ཐུར་མ་བརྒྱབ་པ། ༣ མེ་དཔུང་གི་ནང་དུ་མཆོང་དུ་བཅུག་པ། ༤ མི་གཙང་བའི་འདམ་རྫབ་ཟོས་སུ་བཅུག་པ། ༥ འབྲས་ཆན་གྱི་ཟས་སྟོན་རྐུ་རུ་བཅུག་པ། ༦ རྒྱལ་པོའི་བག་མ་འཕྲོག་ཏུ་བཅུག་པ། ༧ བློན་པོའི་ཆུང་མ་རྐུ་རུ་བཅུག་པ། ༨ ཆུང་མ་བླངས་སུ་བཅུག་པ། ༩ རྡོ་རྗེ་ཐོ་བས་བརྡུང་བ། ༡༠ རང་གི་ཆུང་མ་བླ་མར་ཕུལ་བ། ༡༡ སྲིན་བུ་པད་པས་གང་བའི་སྐུ་ལུས་ཀྱི་ཟམ་པ་བཙུགས་པ། ༡༢ རང་གི་སྐུ་ལུས་ཀྱི་རྩ་གཏར་ནས་ཁྲག་གིས་ས་ལ་ཆག་ཆག་བཏབ་པ་དང་བཅུ་གཉིས་སོ། །འདི་རྣམས་ནི་པཎ་ཆེན་ནཱ་རོ་པས། གྲུབ་ཆེན་ཏེ་ལོ་བླ་མར་བསྟེན་པ་གནང་སྐབས་ཐོག་མར་ཆོས་གསུང་བ་ལྟ་ཅི། གསུང་གླེང་ལེགས་པ་གཅིག་ཀྱང་མ་གནང་བར་སྲོག་ལ་ཐུག་པའི་དཀའ་བ་ཆེན་པོ་བཅུ་གཉིས་སྤྱད་དུ་བཅུག་པའོ། ། |