From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
ནི་ (1)
| Part of speech
|
ཕྲད་ཚིག
|
| Definition
|
ནི་སྒྲ་དགར་བ་ལ་འཇུག་པ། དགར་གཞི་དངོས་སུ་སྨོས་སམ་མ་སྨོས་ཇི་ལྟར་ཡང་ཆོས་གང་ཞིག་གང་ལས་དམིགས་ཀྱིས་བཀར་བ་སྟོན་བྱེད་ལ་འཇུག་སྟེ།
|
| Keyword
|
True
|
| Example
|
དགེ་རྒན་ནི་ལས་རིགས་ཐམས་ཅད་ཀྱི་ནང་ནས་མཆོག་ཏུ་གྱུར་པའོ། རྟ་ནོར་ལུག་གསུམ་ནི་བོད་ཀྱི་སྒོ་ཕྱུགས་གཙོ་བོ་ཡིན་ལྟ་བུ།
|
ནི་ (2)
| Part of speech
|
ཕྲད་ཚིག
|
| Definition
|
ནི་སྒྲ་བརྣན་པ་ལ་འཇུག་པ། ཟླ་བོ་གཞན་ལ་མི་བལྟོས་པར་ངོ་བོ་དང་བྱ་བ་དང་ཁྱད་ཆོས་སོགས་རང་ས་རང་སར་གཞི་གཅིག་གི་སྟེང་དུ་ནན་ཏན་དུ་ངེས་པར་བྱེད་པ་སྟེ།
|
| Keyword
|
True
|
| Example
|
ལྷག་བསམ་ནི་དག རྣམ་དཔྱོད་ནི་ཡོད། སྙིང་སྟོབས་ནི་ལྡན་ལྟ་བུ།
|
ནི་ (3)
| Part of speech
|
ཕྲད་ཚིག
|
| Definition
|
ནི་སྒྲ་ཚིགས་བཅད་ཀྱི་ཁ་སྐོང་བྱེད་དུ་འཇུག་པ་ནི།
|
| Keyword
|
True
|
| Example
|
སྙན་ངག་མེ་ལོང་ལས། ལྷ་རྣམས་ཀྱིས་ནི་ཟླ་བ་དང་། །བདག་གིས་ཁྱོད་གདོང་ཟླ་བ་འཐུངས། །ཞེས་པའི་སྐབས་ཀྱི་ནི་སྒྲ་ལྟ་བུའོ།
|
ནི་ (4)
| Part of speech
|
ཕྲད་ཚིག
|
| Definition
|
ནི་སྒྲའི་ཕྲད་དམ་བཅའ་བ་སྟོན་བྱེད་ལ་འཇུག་སྟེ། དོན་སྔ་མ་དམ་བཅས་པའི་མཐར་ནི་སྒྲ་སྦྱར་ཏེ་ཕྱི་དོན་འདྲེན་པར་བྱེད་པ་ལྷག་བཅས་ཀྱི་ཕྲད་དང་འཇུག་པ་མཐུན་པ་ཞིག་སྟེ།
|
| Keyword
|
True
|
| Example
|
བདེན་པ་གཉིས་ནི། ཀུན་རྫོབ་བདེན་པ་དང་། དོན་དམ་བདེན་པའོ། རྐང་འཐུང་ཞེས་པ་ནི། ལྗོན་ཤིང་གིས་རྐང་པའམ་རྩད་པ་ཡིས་ཆུ་འདྲེན་པས་སོ།
|
ནི་ (5)
| Part of speech
|
ཕྲད་ཚིག
|
| Definition
|
ནི་སྒྲའི་ཕྲད་སྐབས་བབ་ཀྱི་བརྗོད་དོན་གང་ཞིག་ངོས་འཛིན་པ་སྟེ།
|
| Keyword
|
True
|
| Example
|
གཏམ་པད་མའི་ཚལ་གྱི་ཟློས་གར་ལས། གསེར་གྱི་སྦྲང་མ་དེ་ནི་ན་ཚོད་གཞོན་པ། ལང་ཚོ་དར་པ། ཤེས་རབ་གསལ་པ། བློ་ཁོག་ཡངས་པ། གསར་འགྲོགས་མེད་པ། རྒྱུ་བ་ལྷོད་པ། གཏོང་ལ་དགའ་བ་ཡིན་ནོ། ཞེས་འབྱུང་བའི་ནང་གི་ནི་སྒྲ་ལྟ་བུ།
|
ནི་ (1)
| Part of speech
|
མིང་ཚིག
|
| Definition
|
བོན། ཞང་སྐད། མི།
|