33827

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ནི་རུ་ཧ་ (1)
Part of speech མིང་ཚིག
Definition སྦྱོང་བྱེད་ལས་ལྔའི་ཡ་གྱལ་རྟུག་སྐམ་དང། གླང་ཐབས། གཞང་སྲིན་སོགས་རྒྱུ་ལོང་གི་ནད་ཐུར་དུ་དྲངས་པར་བྱ་བའི་ཐབས་བཤང་ལམ་ནས་སྨན་མས་བཏང་བྱ་དགོས་པ་ཞིག་གི་མིང་སྟེ། དཔལ་སྤུངས་དབོན་ཀརྨ་བསྟན་འཛིན་འཕྲིན་ལས་རབ་རྒྱས་ཀྱིས་མཛད་པའི་རྒྱུད་བཞིའི་དཀའ་འགྲེལ་ལས། ནི་རུ་ཧ་ནི། རྟུག་སྐམ་སོགས་རྒྱུ་ལོང་གི་ནད་ཐུར་དུ་ཕྱིར་འདྲེན་པར་བྱེད་པའི་སྨན་བཤང་ལམ་ནས་ལས་བཏང་བྱ་དགོས་པའི་སྡེའོ། །ཞེས་གསུངས་པ་ལྟར་རོ། །
Domain གསོ་རིག