33885
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ༡ མཆོག་ཏུ་དགར་བ། དཔེར་ན་རྒྱལ་བ་ཤཱཀྱ་ཐུབ་པ་ནི་རྣམ་འདྲེན་སྟོང་ལས་སྙིང་སྟོབས་ཕུལ་དུ་བྱུང་བའོ་ལྟ་བུའོ། ། ༢ དམན་པར་དགར་བ་ནི། དཔེར་ན་དམ་ཚིག་ཀུན་ལས་བླ་མའི་དམ་ཚིག་དང་འགལ་བ་ནི་ཤིན་ཏུ་ཐ་ཆད་དོ་ལྟ་བུའོ། ། ༣ ཐ་དད་ཙམ་དུ་དགར་བ་ནི། དཔེར་ན་ཟང་ཟིང་གི་སྦྱིན་པ་ནི་ཆོས་ཀྱི་སྦྱིན་པ་ལས་གཞན་ནོ་ལྟ་བུའོ། །འདི་གསུམ་ནི་ལོགས་སུ་དགར་བའི་རྣམ་གྲངས་ཡིན་ནོ། ། ༤ ངེས་བཟུང་ནི། ཚུལ་ཁྲིམས་ནི་སྲོག་དང་བསྡོས་ཏེ་བསྲུང་བ་བགྱིའོ་ལྟ་བུའོ། ། ༥ ནན་ཏན་དུ་བརྣན་པ་ནི། དཔེར་ན་ཁྱོད་ནི་བླ་མ་ཁྱོད་ནི་ཡི་དམ་ཁྱོད་ནི་མཁའ་འགྲོ་ཆོས་སྐྱོང་ཡིན་ལྟ་བུའོ། ༦ ཚིག་བཅད་ཁ་སྐོང་ནི། དཔེར་ན་བདེ་བླག་ཏུ་ནི་རྟོགས་པ་ཞེས་པ་ལྟ་བུའོ། ། ༧ ཚིག་རྒྱན་གསལ་བྱེད་ནི། བཞི་ལྷག་དྲུག་ཅུའི་དབྱངས་ལྡན་གསུང་ནི་སྙན་ཞེས་པ་ལྟ་བུའོ། ། ༨ གོ་རིམ་བསློག་པ་ནི། དཔེར་ན་བཏང་སྙོམས་ནི་བདེ་སྡུག་མིན་ཞེས་པ་ལ། བདེ་སྡུག་མིན་ནི་བཏང་སྙོམས་ཡིན་ཞེས་པ་ལྟ་བུའོ། ། ༩ གཏན་ཚིགས་འདྲེན་པ་ནི། དཔེར་ན་ཟག་བཅས་ཀྱི་ཕུང་པོ་འཇིག་པ་ནི། འདུས་བྱས་ཡིན་པའི་ཕྱིར་རོ་ཞེས་པ་ལྟ་བུའོ། ། ༡༠ ངེས་ཚིག་འདྲེན་པ་ནི། དཔེར་ན་དགེ་ཚུལ་སློང་རྣམས་ཀྱི་གསོ་སྦྱོང་ནི། དགེ་བ་གསོ་ཞིང་སྡིག་པ་སྦྱོང་བའོ་ཞེས་པ་ལྟ་བུའོ། ། ༡༡ དབྱེ་བ་འདྲེན་པ་ནི། དཔེར་ན་སྒྲིབ་པ་གཉིས་ནི། ཉོན་སྒྲིབ་དང་ཤེས་སྒྲིབ་བོ་ལྟ་བུའོ། ། ༡༢ རྒྱས་བཤད་འདྲེན་པ་ནི། དཔེར་ན་དགེ་སློང་གི་བསླབ་བྱའི་སྡོམ་ལྟུང་བ་སྡེ་ལྔ་ནི། ཉིས་བརྒྱ་ལྔ་བཅུ་རྩ་གསུམ་དུ་ཤེས་པར་བྱའོ་ཞེས་པ་ལྟ་བུའོ། ། ༡༣ གང་གི་ཕྱིར་གྱི་སྒྲ་ལ་འཇུག་པ་ནི། དཔེར་ན་ཉོན་མོངས་གང་གི་ཕྱིར་སྤང་བྱ་ཞེས་པ་ལ། ཉོན་མོངས་ནི་སྤང་བྱ་ཞེས་སྦྱར་ཆོག་པ་ལྟ་བུའོ། ། ༡༤ ཡང་སྒྲ་ལ་འཇུག་པ་ནི། དཔེར་ན་ནོར་ཡང་མེད་ལ་ཤོམ་ཡང་ཆེ་ཞེས་པ་ལ། ནོར་ནི་མེད་ལ་ཤོམ་ཡང་ཆེ་ཞེས་སྦྱར་ཆོག་པ་ལྟ་བུའོ། ། ༡༥ ཉིད་ཀྱི་སྒྲ་ལ་འཇུག་པ་ནི། དཔེར་ན་ཙན་དན་འདི་ཉིད་དཀར་པོ་ཞེས་པ་ལ། ཙན་དན་འདི་ནི་དཀར་པོ་ཞེས་སྦྱར་ཆོག་པ་ལྟ་བུ་འདི་གསུམ་ཚབ་ཏུ་འཇུག་པའི་དོན་ཡིན་པ་བཅས་སོ། ། |
| Domain | སྒྲ་རིག་པ། |