From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
ཁ་སྦྱོར་བདུན་ལྡན་ (1)
| Part of speech
|
མིང་ཚིག
|
| Definition
|
གསང་སྔགས་བླ་མེད་ཀྱི་གཞུང་ནས་བྱུང་བའི་མཐར་འབྲས་ཀྱི་ཁྱད་ཆོས་ཏེ། དང་པོ་ལོངས་སྤྱོད་རྫོགས་པའི་ཡན་ལག་ནི་མཚན་དཔེས་རྫོགས་པར་སྤྲས་པ། གཉིས་པ་ཁ་སྦྱོར་གྱི་ཡན་ལག་ནི་རང་སྣང་གི་རིག་མ་དང་མཉམ་པར་སྦྱོར་བ། གསུམ་པ་བདེ་བ་ཆེན་པོའི་ཡན་ལག་ནི་རླུང་དབུ་མར་ཞུགས་གནས་ཐིམ་གསུམ་བྱས་པ་ལ་བརྟེན་ནས་ལུས་ཀྱི་བདེ་བ་དང་སེམས་ཀྱི་བདེ་བ་ཆེན་པོ་ཉམས་སུ་མྱོང་བ། བཞི་པ་རང་བཞིན་མེད་པའི་ཡན་ལག་ནི་ཐུགས་ཟག་མེད་ཀྱི་བདེ་བའི་ངོ་བོར་གནས་པ་དེས་སྟོང་པ་ཉིད་རྟོགས་པ། ལྔ་པ་རྒྱུན་མི་ཆད་པའི་ཡན་ལག་ནི་འཁོར་བ་ཇི་སྲིད་བར་མྱ་ངན་ལས་མི་འདའ་བར་བཞུགས་པ། དྲུག་པ་སྙིང་རྗེས་ཡོངས་སུ་གང་བའི་ཡན་ལག་ནི་དམིགས་མེད་ཀྱི་སྙིང་རྗེ་ཆེན་པོས་སེམས་ཅན་གྱི་དོན་མཛད་པ་ལ་གཡེལ་བ་མེད་པ། བདུན་པ་འགོག་པ་མེད་པའི་ཡན་ལག་ནི་མཛད་པ་འཕྲིན་ལས་དུས་ནམ་ཡང་འགོག་རྐྱེན་མེད་པར་འཇུག་པ་བཅས་ཡིན།
|
ཁ་སྦྱོར་བདུན་ལྡན་ (2)
| Part of speech
|
མིང་ཚིག
|
| Definition
|
རྡོ་རྗེ་འཆང་སྟེ། ཁ་སྦྱོར་བདུན་ལྡན་གྱི་འབྲས་བུ་མངོན་དུ་བྱས་པས་ནའོ། །
|
| Type
|
མངོན་བརྗོད།
|