34094

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ནུབ་དགོན་ཆོས་རྒྱལ་བདུན་པ་བསྟན་འཛིན་གྲུབ་པའི་རྡོ་རྗེ་ (1)
Part of speech མིང་ཚིག
Definition ནུབ་དགོན་ཆོས་རྒྱལ་སྐུ་ཕྲེང་བདུན་པ་བསྟན་འཛིན་གྲུབ་པའི་རྡོ་རྗེ་མཆོག་ནི། སྐུ་གོང་མའི་ཡབ་གཞིས་སུ་ཡབ་སྦ་རྒན་དང་། ཡུམ་ཨ་ཡག་མཚོ་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་དྲུག་པའི་ ༡༩༤༠ ལོར་མདོ་ཁམས་བརྒྱད་པ་བསྐལ་བཟང་དོན་བརྒྱུད་ཉི་མ་དགུང་ལོ་དགུར་ཕེབས་སྐབས་སུ་ཤར་མར་ནུབ་དགོན་ཆོས་རྒྱལ་འདའ་སོང་། ཡང་སྲིད་ཐ་ག་ཚང་སར་འཁྲུངས་སོང་གསུངས་ལུང་བསྟན་པ་བཞིན་འཁྲུལ་བྲལ་སྐུ་གོང་མའི་གསེར་ཁྲིར་མངའ་གསོལ་ཞུས། སྐུ་ཆུང་དུས་ནས་ལྐོག་གྱུར་ཐོགས་མེད་དུ་གསུངས་པ་སོགས་དམ་པའི་མཛད་སྤྱོད་རང་ཆས་སུ་མངའ། ཡབ་གཞིས་གོ་འཇོར་གདན་འདྲེན་ཞུས། འགྲོ་འདྲེན་དགོན་གྱི་དབུ་ཆེ་དབང་ལྡན་བླ་མ་ཡོངས་འཛིན་དུ་བསྟེན་ནས་སྐུ་ཡོན་རྣམས་ཚེགས་མེད་དུ་ཐུགས་སུ་ཆུད། ཁམས་སྒར་ནས་དབུ་ཆེ་ཀུན་དགའ་འབྲུག་རྒྱལ་མདུན་ནས་རྡོར་སློབ་ཀྱི་ཕྱག་ལེན་ཆོག་འགྲོས་སོགས་དཔྱིས་ཕྱིན་པར་བསན། སྒྲུབ་ཆེན་གྱི་སྐབས་སུ་དབང་གི་སློབ་དཔོན་དུ་བཞུགས། ཀུན་གྱིས་བསྟོད་པར་བཙུན་ཚུགས་ཆེ་བར་གྲགས། མདོ་ཁམས་བརྒྱད་པས་བཤད་གྲྭ་གསར་འཛུགས་ཀྱི་བཀའ་རྒྱ་དང་འབྲེལ། ཁམས་སྒར་དུ་ཕེབས་ནས་སྡེ་དགེའི་མཁན་པདྨ་མཐར་ཕྱིན་མདུན་ནས་གཞུང་ཆེན་ཁག་ལ་ཐོས་བསམ་མཛད་བཞིན་པར། གདུལ་བྱ་བསོད་ནམས་དམན་པའི་ངོར་དགུང་གྲངས་བཅོ་བརྒྱད་ ༡༩༥༨ ལོར་གློ་བུར་དུ་དགོངས་པ་ཞི་དབྱིངས་སུ་མནལ། མཆོག་སྤྲུལ་ཀརྨ་ལྷ་རྒྱལ་དང་རྟོགས་ལྡན་ཚེ་དབང་རིག་འཛིན་སོགས་བུ་སློབ་རྣམས་དང་མཉམ་མེད་མདོ་ཁམས་པ་མཆོག་གི་དབུས་པའི་སྒྲུབ་སྡེའི་རྟོགས་ལྡན་རྣམས་ཀྱིས་ཁམས་སྒར་སྒྲུབ་སྡེའི་ནང་དུ་སྐུ་གདུང་ཞུགས་སྦྱང་གནང་བ་སོགས་མཛད་དོ། །