34095

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ནུབ་དགོན་ཆོས་རྒྱལ་བཞི་པ་རིན་ཆེན་རྣམ་པར་རྒྱལ་བ་ (1)
Part of speech མིང་ཚིག
Definition ཆོས་རྒྱལ་སྐུ་ཕྲེང་བཞི་པ་རིན་ཆེན་རྣམ་པར་རྒྱལ་བ་མཆོག་ནི། ཁམས་སྤྲུལ་བཞི་པ་བསྟན་འཛིན་ཆོས་ཀྱི་ཉི་མའི་སློབ་མ་ཡིན་འདུག་པས། (ཁམས་སྤྲུལ་བཞི་པ་རབ་བྱུང་བཅུ་གཉིས་པའི་ལྕགས་ཁྱི་ ༡༧༣༠ ལོར་འཁྲུངས། ) དེའི་ཡས་མས་སུ་སྐུ་འཁྲུངས་པ་ཞིག་ལས། འཁྲུངས་ཡུལ་དང་མཛད་རྣམ་སོགས་རྒན་རབས་ངག་རྒྱུན་དང་ཡི་གེ་མ་རྙེད། སྐུ་ཕྲེང་གསོལ་འདེབས་ནང། སྣང་སྲིད་དག་པ་རབ་འབྱམས་འཁོར་ལོར་ཤར། །ཡེ་ཤེས་རྩལ་འབར་མངོན་པར་ཤེས་པའི་མཛོད། །རིན་ཆེན་རྣམ་པར་རྒྱལ་བར་གསོལ་བ་འདེབས། །ཞེས་སྐུ་ཚེ་དེ་ཉིད་ལ་ཉམས་ལེན་དང་མཚམས་སྒྲུབ་ཁོ་ན་ལས། དགོན་སྡེར་སྤོང་ཀློག་གི་མཛད་རྣམས་ཆེར་མེད་ཚོད་ལ། ཆོས་སྡེ་དེ་ཉིད་དུ་གཟུགས་སྐུ་བསྡུས་སམ་སྙམ།