34097

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ནུབ་དགོན་བརྒྱད་པ་ངག་དབང་ཆོས་རྒྱལ་འཇིགས་མེད་བསོད་ནམས་རྒྱ་མཚོ་ (1)
Part of speech མིང་ཚིག
Definition ནུབ་དགོན་ཆོས་རྒྱལ་སྐུ་ཕྲེང་བརྒྱད་པ་ངག་དབང་ཆོས་རྒྱལ་འཇིགས་མེད་བསོད་ནམས་རྒྱ་མཚོ་མཆོག་ནི། བོད་རབ་བྱུང་བཅུ་བདུན་ས་ཕོ་འབྲུག་ཕྱི་ལོ་ ༡༩༨༨ བོད་ཟླ་ ༦ ཚེས་ ༣ གཟའ་སྤེན་པ། སྐར་མ་རྒྱལ། སྔ་དྲོའི་སྐབས་ཙམ་ལ་སྐུ་གོང་མའི་ཡབ་གཞིས་སུ། སྐུ་གོང་མའི་མཆེད་པོ་ཡབ་ཕྲིན་ལས་བདེ་ཆེན་དང་། ཡུམ་ཀུན་བཟང་མཚོ་གཉིས་ཀྱི་སྲས་སུ་མཚན་དཔེའི་པད་མོ་སླར་ཡང་བཞད། སྐུ་བལྟམས་པའི་ཉིན་མོར་དེར་ཡོད་ཀུན་གྱི་མཐོང་ངོར། ན་ལེབ་ངོས། ཡབ་གཞིས་ཀྱི་སྦྲ་སྒོའི་མདུན་ཐད་ནས་འབྲུག་བལ་གྱོན་མ་ཞེས་སྤྲིན་དང་འདྲེས་པ་དངོས་སུ་བར་སྣང་ལ་འགྲོ་བ་ཡུལ་མི་མང་པོས་མཐོང་བའི་མཚན་རྟགས་ཤིན་ཏུ་ཡ་མཚན་པ་བྱུང་། ཡུམ་གྱི་ལྷུམས་སུ་བཞུགས་སྐབས་སུ་ཡབ་ཀྱི་རྨི་ལྟས་དང་ཡུམ་རང་ཉིད་ཀྱང་སྐུ་ལུས་བདེ་བ་བཅས་ཀྱིས་བུ་གུ་གཞན་དང་མི་འདྲ་བའི་མཚན་ལྟས་དང་། སྐུ་གོང་མས་ཀྱང་ཞལ་ཆེམས་ཀྱི་ཚུལ་དུ་སླར་ཡང་ངོས་ངེད་ཚོའི་ཁྱིམ་ནང་ཡོང་གི་ཡིན་པར་སྐུ་གོང་མའི་མ་ཡུམ་ལ་གསུང་མྱོང་ཡོད་པས། ནུབ་དགོན་ཆོས་རྒྱལ་གྱི་ཡང་སྲིད་ཡིན་པ་ལ་ཡིད་གཉིས་མེད་པར་ཐག་ཆོད་པ་ཡབ་ཡུམ་དང་སྐུ་མཆེད་ནང་མི་རྣམས་ལ་ཡོད་ཀྱང་། རེ་ཞིག་གསང་རྒྱའི་ཚུལ་དུ་མཛད། ཨ་འཛོམ་འབྲུག་པ་རིན་པོ་ཆེ་དང་། སྐྱབས་རྗེ་རག་སྤྲུལ་རིན་པོ་ཆེ། སྐྱབས་རྗེ་ཁམས་སྤྲུལ་དགུ་པ་རིན་པོ་ཆེ་བཅས་ཀྱིས་ནུབ་དགོན་ཆོས་རྒྱལ་གྱི་ཡང་སྲིད་དུ་ངོས་འཛིན་མཛད་ཅིང་གཞིས་སུ་སྟོན་འཁོར་འདུས་པའི་དབུས་སུ། ཕྱི་ལོ་ ༢༠༠༨ བོད་ཟླ་དྲུག་པ་བདག་ཅག་གི་སྟོན་པས་ཆོས་ཀྱི་འཁོར་ལོ་བསྐོར་བའི་དུས་ཚེས་ཉིན་མོར་ཁྲི་སྟོན་མངའ་གསོལ་དང་། བསྟན་སྲུང་རྟགས་བབ་འབྲས། འཕགས་ཡུལ་དུ་ཞབས་སོར་བདེ་བར་འཁོད་སྐབས་སུ་ཡང་། སྐྱབས་རྗེ་ཁམས་སྤྲུལ་རིན་པོ་ཆེ་དང་། སྐྱབས་རྗེ་རྡོ་རྫོང་རིན་པོ་ཆེས་དབུས་པའི་སྟོན་འཁོར་ཡོངས་ཀྱི་དབུས་སུ་ཁྲི་སྟོན་མངའ་གསོལ་སླར་ཡང་རྒྱས་པར་མཛད་ཅིང་། ད་ལྟ་འབྲུག་མཐོ་སློབ་དྷརྨ་ཀཱ་རིའི་ནང་གསན་བསམ་མཛད་ཅིང་བཞུགས་བཞིན་པ་ལགས་སོ། །

{{#arraymap:ནུབ་དགོན་བརྒྱད་པ་ངག་དབང་ཆོས་རྒྱལ་འཇིགས་མེད་བསོད་ནམས་རྒྱ་མཚོ་

|; |@@@ | | }}