34103

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ནུབ་དགོན་ཤེས་རབ་སྤྲུལ་སྐུ་སྐུ་ཕྲེང་གཉིས་པ་ཤེས་རབ་ཆོས་འབྱོར་ (1)
Part of speech མིང་ཚིག
Definition ནུབ་དགོན་ཤེས་རབ་སྤྲུལ་སྐུ་སྐུ་ཕྲེང་གཉིས་པ་ཤེས་རབ་ཆོས་འབྱོར་མཆོག་ནི། ཁམས་གོ་འཇོ་གཡུ་སྦྲ་གཞུང་འཁོར་ཁྱུང་མོ་ཚང་སར་ཡབ་སྟོབས་རྒྱལ་དང་། ཡུམ་ཨ་སྨུག་གཉིས་ཀྱི་སྲས་སུ་ལྕགས་གླང་ ༡༩༠༡ ལོར་སྐུ་འཁྲུངས། མདོ་ཁམས་དྲུག་པ་བསྟན་པའི་ཉི་མས་ངོས་འཛིན་གནང། ནུབ་དགོན་དུ་ཁྲི་སྟོན་སོགས་གནང་ནས་ནུབ་དགོན་ཆོས་རྒྱལ་ཉིད་ཀྱིས་ཀློག་བྲིས་སོགས་ཀྱི་ཡོངས་འཛིན་གནང་། དགོན་པའི་འདོན་ཆོག་སོགས་བློ་ཟིན་དང་ཁམས་སྒར་དབུ་ཆེ་ཀུན་དགའ་འབྲུག་རྒྱལ་གྱི་མདུན་ནས་རྡོར་སློབ་ཀྱི་བྱ་བ་ཆེ་ཕྲ་ཡོངས་རྫོགས་དཔྱིས་ཕྱིན་གསན་སྦྱང་གནང། དགོན་པའི་སྒྲུབ་པ་ཡོངས་ཀྱི་རྡོ་རྗེ་སློབ་དཔོན་མཛད། དགོན་པའི་འབུལ་སྡུད་དུ་གོ་བྲག་རོང་གསུམ་དང་། སྨར་ཁམས། ཚ་བ་སྒང་སྟོད་སོགས་སུ་ལོ་ལྟར་ཕེབས་གནང་མཛད། ཡུལ་འབྲོག་མཐོ་དམན་སུ་དང་སུ་ཡིན་ན་འདོན་ཆོག་རིམ་གྲོ། མི་ཤི་ན་ཚ་སོགས་ཉིན་མཚན་གང་ལ་ཡང་ཆེད་ཕེབས་མཛད་པའི་བཀའ་དྲིན་བླ་ན་མེད་པ་བསྐྱང་། རྒྱ་དམར་གྱི་དུས་འགྱུར་སྐབས་སུ་བོད་སྤྱི་མཚུངས་བཞིན། སྐུ་ཚེགས་འོ་རྒྱལ་གདོས་བཅས་ཤ་དང་ཁྲག་གིས་ལུས་པོས་བཟོད་མི་ཐེག་པའི་འོ་བརྒྱལ་ཆེན་པོ་བྱུང་། གོ་བྲག་གཉིས་ཀྱི་བྲོས་བྱོལ་བ་ཡོངས་ཀྱིས་ཕྱག་མོ་འདེབས་ཀྱིན་དེ་ཐོག་འགྲོ་འདུག་ཐག་གཅོད་བྱེད་དུས། ཐེ་ཚོམ་ཙམ་ཡང་མི་དགོས་པའི་ལམ་འགྲོ་ཆེན་པོ་བྱུང་འདུག མཐར་རྒྱ་དམར་གྱི་བཙོན་འོག་ཏུ་ཚུད་ནས་རིམ་པ་གསུམ་པའི་ཉེས་ཅན་པའི་ཞ་མོ་གཡོག་ལ་ཉེ་བའི་ཕྱི་རེགས་ཤིག་ལ། ཆུ་ཁ་གྲོང་ཚོའི་བཙོན་ཁང་དུ། ཆུ་ཡོས་ ༡༩༦༦ ལོར་གནམ་ནས་ཆུ་ཐོག་ཟག་རྐྱེན་ལས་དགོངས་པ་རྫོགས། སྐུ་གདུང་མགར་སྟོང་གྲོང་དུ་གདན་འདྲེན་ཞུས་ནས། ལོ་རྗེས་མའི་དཔྱིད་སྟོད་དུ་མཚན་མོར་དགོན་འདབས་སུ་བཞུ་སྦྱང་གནང་འདུག འདིའི་ཡང་སྲིད་སྐུ་ཕྲེང་གསུམ་པ། མཆོག་སྤྲུལ་སྤོབས་པ་རིན་པོ་ཆེ། སྟོད་བལ་པོ། ཡུལ་མོའི་ས་ཆར། ཡབ་བཀྲ་ཤིས་བླ་མ་དང། ཡུམ་ཀ་མིན་གཉིས་ཀྱི་སྲས་སུ། མེ་རྟ་ ༡༩༦༦ ལོར་སྐུ་འཁྲུངས། འཕགས་ཡུལ་བཀྲ་ཤིས་ལྗོངས་སུ། ཁམས་སྤྲུལ་དོན་བརྒྱུད་ཉི་མ་དང་། སྐྱབས་རྗེ་རྡོ་རྫོང་རིན་པོ་ཆེ་སོགས་ཀྱིས་ཞབས་ལ་བཏུད་ནས་ད་ལྟ་འབྲུག་མཐོ་སློབ་ཀྱི་སློབ་སྟོན་པའི་ལས་འཁུར་གནང་བཞིན་པ་དང། ཤིང་གླང་ ༡༩༨༥ ལོར་གཞིས་སུ་སྐྱབས་རྗེ་རྡོ་རྫོང་རིན་པོ་ཆེ་དབུས། དགོན་རྙིང་སྦས་གནས་དོམ་ཚང་རོང་དུ་ཆོས་ཀྱི་ཁྲི་ལ་མངའ་གསོལ་ཉིན། ཀུན་གྱི་མཐོང་ངོར་གཡུ་འབྲུག་སྔོན་མོ་སྤོས་རེང་གི་དུ་བ་ནང་བཞིན། ཤར་གྱི་གནས་སྲུང་དཀར་མོའི་ཕྲག་ན། ཁྲ་ཕྱུག་ཁྱུག་ཏུ་ལང་པ་ཀུན་གྱིས་མཐོང་བའི་ངོ་མཚར་ཆེ། མེ་ཕག་ ༢༠༠༧ ལོ་གསུམ་རིང་བྱེས་ཀྱི་ཁམས་པ་སྒར་བཀྲ་ཤིས་ལྗོངས་ཀྱི་དབུ་འཛིན་གཞོན་པའི་ཐུགས་ཁུར་བཞེས་པ་སོགས་ད་ལྟ་སྐུ་འཚོ་བཞིན་བཞུགས་ཡོད།

{{#arraymap:ནུབ་དགོན་ཤེས་རབ་སྤྲུལ་སྐུ་སྐུ་ཕྲེང་གཉིས་པ་ཤེས་རབ་ཆོས་འབྱོར་

|; |@@@ | | }}