34125

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ནུར་ (1)
Part of speech བྱ་ཚིག
Definition སྔར་གནས་ཀྱི་གོ་ས་སྤོར་བའི་དོན།
Example ཁོང་སྔོན་ལ་ནུར་བ། ཁྱེད་རྒྱབ་ལ་ནུར་བ། ང་ཟུར་དུ་ནུར་བ་ལྟ་བུ།
Transitive བྱ་བྱེད་ཐ་མི་དད་པ།
Verb Form གཟུགས་མི་འགྱུར་བ།
ནུར་ (2)
Part of speech བྱ་ཚིག
Definition གཏན་ཁེལ་བའི་དུས་ཚོད་ལ་འགྱུར་ལྡོག་སོང་བ།
Example ཚོགས་འདུའི་དུས་ཚོད་སྔོན་ལ་ནུར། སྐུ་མགྲོན་ཕེབས་རྒྱུ་ཕྱི་ལ་ནུར་ལྟ་བུ།
ནུར་ (3)
Part of speech བྱ་ཚིག
Definition ལྟོ་ངོས་ས་ལ་ཕབ་ནས་འགྲོ་བའི་དོན།
Example ལམ་ཐོག་ཏུ་སྦྲུལ་ནུར་བཞིན་འདུག ནུར་ནས་མ་འགྲོ་ལྟ་བུ།
ནུར་ (4)
Part of speech བྱ་ཚིག
Definition རྩམ་ཕྱེ་སོགས་གཤེར་ཁུའི་ནང་བླུགས་ནས། བསྐོལ་ཏེ་རྡོལ་བའི་དོན།
Keyword True
Example རྩམ་ཁུ་ནུར་བ། ཐུག་པ་ནུར་བ་ལྟ་བུ།
ནུར་ (1)
Part of speech རྒྱན་ཚིག
Definition གཤེར་ཁུའི་རིགས་ནུར་བོའི་དོན་ཏེ། ནུར་བོའི་བསྡུས་ཚིག
Keyword True
Example རྩམ་ཁུ་ནུར་པོ་ལ་རྩམ་ནུར་དང། ཐུག་པ་ནུར་པོ་ལ་ཐུག་ནུར་ཞེས་པ་ལྟ་བུ།