3415

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཁ་སརྤ་ཎི་ (1)
Part of speech མིང་ཚིག
Definition གསང་སྔགས་ལས་བཤད་པའི་འཕགས་པ་སྤྱན་རས་གཟིགས་ལ་སྐུའི་རྣམ་འགྱུར་མི་འདྲ་བ་ལྔ་བཅུ་ལྷག་ཙམ་ཡོད་པའི་ནང་གསེས་ཤིག་སྟེ། སྐུ་བཞེངས་སྟབས་སུ་བཞུགས་པ། ཕྱག་གཉིས་ཀྱི་གཡས་པས་མཆོག་སྦྱིན་གྱི་ཕྱག་རྒྱ་དང༌། གཡོན་པས་ཐུགས་ཀར་མེ་ཏོག་འཛིན་པ་ཞིག་ཡོད། ཁ་སརྤ་ནི་ཞེས་པའི་གོ་དོན་ནི་དངུལ་གྱི་དོང་ཙེ་ཟད་པ་ཞེས་པའི་དོན་ཡིན་པ་དང་། དེའི་ལོ་རྒྱུས་སྐོར་ཏཱ་ར་ན་ཐའི་རྒྱ་གར་ཆོས་འབྱུང་ན་གསལ།