From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
ནུས་ལྡན་ (1)
| Part of speech
|
མིང་ཚིག
|
| Definition
|
གང་ཞིག་བྱེད་ཐུབ་པའི་འཇོན་ནུས་ཡོད་པ་སྟེ།
|
| Example
|
སློབ་མ་ནུས་ལྡན་ཤ་སྟག་སྐྱེད་སྲིད་བྱ་དགོས་ལྟ་བུ།
|
ནུས་ལྡན་ (2)
| Part of speech
|
མིང་ཚིག
|
| Definition
|
ག་བུར་ཏེ། དྲི་ངན་གྱིས་འབུ་སོགས་འགོག་པའི་ནུས་པ་དང་ལྡན་པས་སོ། །
|
| Type
|
མངོན་བརྗོད།
|
ནུས་ལྡན་ (3)
| Part of speech
|
མིང་ཚིག
|
| Definition
|
བང་མཛོད་དེ། དབུལ་བ་སེལ་བའི་ནུས་པ་ཡོད་པས་སོ།
|
ནུས་ལྡན་ (4)
| Part of speech
|
མིང་ཚིག
|
| Definition
|
བོད་ཟླ་བཅུ་གཉིས་པ་སྟེ། གྲང་ངར་གྱི་ནུས་པ་རབ་ཏུ་འཕེལ་བའི་གནས་སྐབས་ཡིན་པས་སོ། །
|
ནུས་ལྡན་ (5)
| Part of speech
|
མིང་ཚིག
|
| Definition
|
བརྒྱ་བྱིན་ཏེ། འདིས་ལྷ་མ་ཡིན་སྟོབས་ལྡན་སོགས་ཚར་བཅད་པའི་ནུས་པ་དང་ལྡན་པས་སོ། །
|
ནུས་ལྡན་ (6)
| Part of speech
|
མིང་ཚིག
|
| Definition
|
ཨ་ག་རུ་སྟེ། སྙིང་རྩ་དང་སྙིང་གི་ཚད་རླུང་སེལ་བའི་ནུས་པ་དང་ལྡན་པས་སོ། །
|
ནུས་ལྡན་ (7)
| Part of speech
|
མིང་ཚིག
|
| Definition
|
ཨ་རུ་ར་སྟེ། ལུས་སེམས་བདེ་བར་འཚོ་བའི་ནུས་པ་དང་ལྡན་པས་སོ།
|
ནུས་ལྡན་ (8)
| Part of speech
|
མིང་ཚིག
|
| Definition
|
འདབ་ཆགས་ཏེ། འཕུར་རྩལ་གྱི་ནུས་པ་དང་ལྡན་པས་སོ། །
|