34185

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ནེ་ཙོ་ (1)
Part of speech མིང་ཚིག
Definition མཆུ་གུག་ཅིང་སྤུ་མདོག་མཛེས་པ། མི་སྐད་བསླབས་པ་སྨྲ་ཐུབ་མཁན་གྱི་འདབ་ཆགས་ཤིག
Example །མཆུ་ནི་དམར་ཞིང་གུག་པ་དང་། །གཤོག་པ་ལྗང་ཞིང་གཉེན་པ་དང་། །མགྲིན་པ་ཁ་དོག་གསུམ་ཕྲེང་ཅན། །ནེ་ཙོ་འདི་དག་ཚིག་འཇམ་ལྡན། །
ནེ་ཙོ་ (2)
Part of speech མིང་ཚིག
Definition སྲིན་རྒྱལ་གྱི་བློན་པོ།
Type མངོན་བརྗོད།