34195

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ནེ་ར་སེང་ཆེན་ (1)
Part of speech མིང་ཚིག
Definition བོན། ཀླུ་ཡི་ཡུལ་ཞིག་ཡིན་པར་བཤད་ཅིང་དེ་ཡང་ཡུམ་སྲས་གཤེན་གསུམ་གྱི་སློབ་མ་ལྷ་ཀླུ་མིའི་གཤེན་གསུམ་གྲགས་པའི་ནང་ཚན་ཀླུ་ཡི་གཤེན་པོ་ཀླུ་སྒྲུབ་ཡེ་ཤེས་སྙིང་པོ་དེ་ཉིད་ཀྱི་འཁྲུངས་ཡུལ་ཡང་ཡིན་པར་བཤད་དོ། །འདི་དང་ཀླུ་ཡུལ་ནེ་ར་སིང་སྔོན་བྱ་བ་གཉིས་ཡུལ་གཅིག་ཡིན་པར་མངོན། ཕྱི་མ་དེ་ཡང་བོན་སྐྱོང་བསྟན་སྲུང་གི་ནང་གསེས་ཀླུ་བདུད་ནག་པོ་གཟོང་མཆུ་ཞེས་བྱ་བ་ཡང་ཡུལ་དེར་བཞུགས་པར་བཤད་དོ། །དེ་ལ་འབྲི་ཚུལ་གྱི་སྒོ་ནས་དཔེ་གཞན་པའི་ནང་དུ་༼ནེ་ཏྲ་གསིང་ཆེན། ༽ཞེས་པ་ཡང་འདུག་གོ །
Domain ཆོས་ལུགས།