3421

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཁ་སྲོག་སུམ་ཅུ་ (1)
Part of speech མིང་ཚིག
Definition དབང་ཁམས་གཅིག་པའི་ཁྱིམ་མཚེས་རེ་ལ་ལུས་ཁམས་རེ་བྱས་ཏེ་ལོ་རྒན་དྲུག་ཅུ་ལ་ཡོད་པའི་ལུས་ཀྱི་འབྱུང་བ་སུམ་ཅུ་ཐམ་པར་ཁ་སྲོག་སུམ་ཅུ་ཟེར་ཞིང་། དེ་འདྲའི་བཏགས་མིང་འདོགས་དོན་ནི་ལུས་ལ་ནད་དང་རྨས་སོགས་ཕོག་ན་འཚོ་བར་བྱེད་པའི་རྟེན་གཙོ་བོ་སྲོག་ལ་ཤུགས་རྐྱེན་ཆེས་ཆེར་ཐེབས་པ་དང་། ཐེབས་པའི་ཤུགས་རྐྱེན་དེ་སྲོག་རྟེན་དངོས་ལ་ཕོག་པ་ལས་ཉེན་ཆུང་བའི་དབང་གིས་ཡིན་པར་གཡའ་སེལ་དུ་གསུངས་འདུག དེ་ཡང་ཁྱིམ་མཚེས་རེ་ལ་དབང་བའི་ལུས་ཁམས་ནི་ཤིང་གི་བྱི་གླང་གཉིས་ཀྱི་ལུས་ཁམས་ལྕགས་དང་། མེ་ཡི་སྟག་ཡོས་གཉིས་ཀྱི་ལུས་ཁམས་མེ། ས་ཡི་འབྲུག་སྦྲུལ་གཉིས་ཀྱི་ལུས་ཁམས་ས། ཆུ་ཡི་བྱ་སྦྲེལ་གཉིས་ཀྱི་ལུས་ཁམས་ལྕགས། ཤིང་གི་ཁྱི་ཕག་གཉིས་ཀྱི་ལུས་ཁམས་མེ། མེ་ཡི་བྱི་གླང་གཉིས་ཀྱི་ལུས་ཁམས་ཆུ། ས་ཡི་སྟག་ཡོས་གཉིས་ཀྱི་ལུས་ཁམས་ས། ལྕགས་ཀྱི་འབྲུག་སྦྲུལ་གཉིས་ཀྱི་ལུས་ཁམས་ལྕགས། ཆུ་ཡི་རྟ་ལུག་གཉིས་ཀྱི་ལུས་ཁམས་ཤིང་། ཤིང་གི་བྱ་སྦྲེལ་གཉིས་ཀྱི་ལུས་ཁམས་ཆུ། མེ་ཡི་ཁྱི་ཕག་གཉིས་ཀྱི་ལུས་ཁམས་ས། ས་ཡི་བྱི་གླང་གཉིས་ཀྱི་ལུས་ཁམས་མེ། ལྕགས་ཀྱི་སྟག་ཡོས་གཉིས་ཀྱི་ལུས་ཁམས་ཤིང་། ཆུ་ཡི་འབྲུག་སྦྲུལ་གཉིས་ཀྱི་ལུས་ཁམས་ཆུ། ཤིང་གི་རྟ་ལུག་གཉིས་ཀྱི་ལུས་ཁམས་ལྕགས། མེ་ཡི་བྱ་སྤྲེལ་གཉིས་ཀྱི་ལུས་ཁམས་མེ། ས་ཡི་ཁྱི་ཕག་གཉིས་ཀྱི་ལུས་ཁམས་ཤིང་། ལྕགས་ཀྱི་བྱི་གླང་གཉིས་ཀྱི་ལུས་ཁམས་ས། ཆུ་ཡི་སྟག་ཡོས་གཉིས་ཀྱི་ལུས་ཁམས་ལྕགས། ཤིང་གི་འབྲུག་སྦྲུལ་གཉིས་ཀྱི་ལུས་ཁམས་མེ། མེ་ཡི་རྟ་ལུག་གཉིས་ཀྱི་ལུས་ཁམས་ཆུ། ས་ཡི་བྱ་སྤྲེལ་གཉིས་ཀྱི་ལུས་ཁམས་ས། ལྕགས་ཀྱི་ཁྱི་ཕག་གཉིས་ཀྱི་ལུས་ཁམས་ལྕགས། ཆུ་ཡི་བྱི་གླང་གཉིས་ཀྱི་ལུས་ཁམས་ཤིང་། ཤིང་གི་སྟག་ཡོས་གཉིས་ཀྱི་ལུས་ཁམས་ཆུ། མེ་ཡི་འབྲུག་སྦྲུལ་གཉིས་ཀྱི་ལུས་ཁམས་ས། ས་ཡི་རྟ་ལུག་གཉིས་ཀྱི་ལུས་ཁམས་མེ། ལྕགས་ཀྱི་བྱ་སྤྲེལ་གཉིས་ཀྱི་ལུས་ཁམས་ཤིང་། ཆུ་ཡི་ཁྱི་ཕག་གཉིས་ཀྱི་ལུས་ཁམས་ཆུ་བཅས་ཡིན།
Domain རྩིས་རིག