34216

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ནེའུ་རིང་གྲུབ་ཆེན་ཆོས་སྐྱོང་བདེ་ལེགས་ (1)
Part of speech མིང་ཚིག
Definition ནེའུ་རིང་གྲུབ་ཆེན་ཆོས་སྐྱོང་བདེ་ལེགས་མཆོག་ནི། འཁྲུངས་ཡུལ་སེང་གེ་དོལ་པའི་སྤྲེ་པ། ཀུན་མཁྱེན་པདྨ་དཀར་པོའི་དངོས་སློབ་ཡིན། (ཀུན་མཁྱེན་ཆེན་པོ་རབ་བྱུང་དགུ་པའི་མེ་ཕག་ ༡༥༢༧ ལོར་འཁྲུངས། ) ཀུན་མཁྱེན་རྒྱལ་བའི་དབང་པོ་རྒྱལ་བྱེད་ཚལ་དུ་བཞུགས་དུས་ཞབས་ལ་གཏུགས། གདམས་པ་ཟབ་ཆོས་མཐའ་དག་གསན། ལ་སྟོད་བྱང༌། ནེ་རིང་སོགས་ཀྱི་རི་ཁྲོད་རྣམས་སུ་སྒྲུབ་པ་མཐར་ཕྱིན། ཐམས་ཅད་དུ་གྲུབ་ཐོབ་ཆེན་པོར་གྲགས། གཞན་ཚོགས་རྫོགས་པའི་ཆེད་དུ་གསེར་དངུལ་ནས་ཁབ་སྐུད་ཡན་བྱུང་ཐུབ་དབང་པདྨ་དཀར་པོའི་ཕྱག་རྫས་ཡིན་གསུང་གསོག སྐབས་བསྟུན་གྱིས་འབུལ་དུ་བྱོན། འཇིག་རྟེན་ཆོས་བརྒྱད་ལས་གྲོལ། སྣང་བ་གཟའ་གཏད་མེད་པ་ཤར་བས། འགའ་ཞིག་གིས་སྨྱོན་པ་ལྟ་བུར་མཐོང༌། མ་ནམ་བཞི་སྐོར་ལ་ཐུགས་དམ་གྱི་རྩ་བར་འཛིན་ནས་མོས་གུས་ཁོ་ན་རྩལ་སྦྱོང་བས། ཀུན་མཁྱེན་པདྨ་དཀར་པོས། བྱང་དབེན་པའི་རི་བོའི་སྒོམ་ཆེན་པ། །ཚེ་བློས་བཏང་གི་སྒྲུབ་ཚུགས་མི་ལ་དང༌། །ནོར་ཟང་ཟིང་གི་འབུལ་སྐྱེལ་རྒོད་ཚང་པ། །ཆོས་ཕྱག་ཆེན་ལས་མི་གཡོ་དྭགས་པོ་བཞིན། །མི་ཁོ་བོའི་བློ་ཁ་རྫོགས་པར་མཆིས། །ཞེས་གསུངས་ཤིང་ཐུགས་ཟིན་པའི་སློབ་མ་ཞིག་ཡིན་ནོ། །