34258

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ནོ་མོན་ཧན་ངག་དབང་བློ་བཟང་མཁས་གྲུབ་ (1)
Part of speech མིང་ཚིག
Definition དམ་པ་འདི་ཉིད་རབ་བྱུང་བཅུ་གསུམ་པའི་ས་ཕག་ཕྱི་ལོ་ ༡༧༧ལོར་ཆེན་པོ་ཧོར་གྱི་ཡུལ་ཁལ་ཁའི་ཕྱོགས་སུ་འཁྲུངས། བོད་ཡུལ་དབུས་ཀྱི་གདན་ས་འབྲས་སྤུངས་སྒོ་མང་དུ་གཞུང་ཆེན་ཁག་ལ་ཐུགས་གཉེར་གྱིས་མཁས་པར་གྱུར། རྒྱལ་མཆོག་འཇམ་དཔལ་རྒྱ་མཚོ་དང་པཎ་ཆེན་བསྟན་པའི་ཉི་མ་སོགས་ལས་དབང་ལུང་མན་ངག་མཐའ་ཡས་པ་གསན། རང་ཡུལ་དུ་ཕེབས་ནས་ཁལ་ཁ་རྗེ་བཙུན་དམ་པའི་ཐུགས་བཞེད་ལྟར་ཀྱཻ་རྡོར་མཁན་པོ་མཛད། པཎ་ཆེན་སྐུ་ཕྲེང་དྲུག་པ་དྲག་པོ་འཁོར་བསྒྱུར་དུ་གྱུར་སྐབས་འདི་བ་དམག་དཔོན་སེང་གེ་བརྒྱ་བ་ཞེས་བྱ་བར་སྐྱེ་བ་བཞེས་རྒྱུའི་ལུང་བསྟན་ཁོང་གི་གསུང་ཐོར་བུ་ན་གསལ། རབ་བྱུང་བཅུ་བཞི་བའི་མེ་བྱ་ཕྱི་ལོ་ ༡༨༣༧ ལོར་དགོངས་པ་རྫོགས། གསུང་རྩོམ་པོད་ལྔ་ཙམ་བཞུགས།