From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
ཁ་སློང་བ་ (1)
| Part of speech
|
མིང་ཚིག
|
| Definition
|
གྲངས་མ་ལོངས་པའམ་ཁ་མ་ཚང་བའི་རིགས་ལ་ཁ་སྣོན་བྱས་པའི་དོན་ཏེ།
|
| Example
|
སྤྱི་དངུལ་གྱིས་མ་འདང་པ་ལ་མི་སྒེར་གྱིས་ཁ་སློང་བ་ལྟ་བུ།
|
ཁ་སློང་བ་ (2)
| Part of speech
|
མིང་ཚིག
|
| Definition
|
སྣོད་ཆས་སོགས་ཁ་ས་ལ་གཏད་ནས་ཡོད་པ་རྣམས་ཁ་ཕྱིར་སློག་པའམ་གྱེན་དུ་བསླངས་པའི་དོན་ཏེ།
|
| Example
|
དཀར་ཡོལ་ས་ནས་ཁ་སློང་བ་ལྟ་བུ།
|
ཁ་སློང་བ་ (3)
| Part of speech
|
མིང་ཚིག
|
| Definition
|
མི་ལ་ཚོད་བགམ་ལེན་ཆེད་གཏམ་འདྲ་མིན་དྲིས་ནས་ཁ་སྔོག་པ་སྟེ།
|
| Example
|
ཕ་མས་བྱིས་པར་ཁ་སློང་བ་ལྟ་བུ།
|