34291

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ནོར་ (1)
Part of speech མིང་ཚིག
Definition གསེར་དངུལ་སོགས་ནང་གི་རྒྱུ་རྫས་ཀྱི་དོན།
Keyword True
Example གསེར་དངུལ་གྱི་ནང་ནོར་ཡོད་པའི་ཁྱིམ་ཚང་། གོས་ཆེན་གྱི་ནང་ནོར། གཟི་བྱུར་གྱི་ནང་ནོར་ལྟ་བུ།
ནོར་ (2)
Part of speech མིང་ཚིག
Definition འབྲི་གཡག་སོགས་གནག་ཕྱུགས་ཀྱི་དོན།
Keyword True
Example ཕྱུགས་རྫིས་ནོར་ལུག་རི་ལ་འཚོས། འབྲོག་པའི་རྩ་ཐང་ནོར་གྱིས་ཁེངས་ལྟ་བུ།
ནོར་ (3)
Part of speech མིང་ཚིག
Definition ཕུན་ཚོགས་སྡེ་བཞིའི་ནང་གསེས་ཆོས། ནོར། འདོད། ཐར་བཞིའི་ནང་གི་ནོར་གྱི་དོན།
ནོར་ (4)
Part of speech མིང་ཚིག
Definition གྲངས་ཀ་བརྒྱད་ཀྱི་དོན་ཏེ། ནོར་ལྷ་ལ་གྲངས་བརྒྱད་ཡོད་པས་དེ་ལྟར་བཏགས།
Type མངོན་བརྗོད།
ནོར་ (1)
Part of speech བྱ་ཚིག
Definition དོན་གྱི་གནས་ཚུལ་ལས་གཞན་དུ་འཁྲུལ་བའི་དོན།
Keyword True
Example ཁོང་གིས་གཏམ་བཤད་སྟངས་ནོར་བ་རེད། ལམ་ནོར་ནས་མགོ་འཁོར་ལྟ་བུ།
Transitive བྱ་བྱེད་ཐ་མི་དད་པ།
Verb Form གཟུགས་མི་འགྱུར་བ།
Antonyms འགྲིག