34326

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ནོར་བདག་ཡེ་ཤེས་གྲག་གི་གསང་སྒྲུབ་ཤིན་ཏུ་ཟབ་པ་ (1)
Part of speech མིང་ཚིག
Definition ཐུགས་སྒྲུབ་ཡང་སྙིང་འདུས་པ་ལས། ནོར་བདག་ཡེ་ཤེས་གྲག་གི་གསང་བསྒྲུབ་ཤིན་ཏུ་ཟབ་པ། ཞེས་བྱ་བ་སྟེ། གཏེར་གཞུང་ལས། མ་འོངས་ཆོས་མཛད་སྐྱེས་བུ་རྣམས༔ བཀྲེས་འཆོང་སྡུག་སྲན་མ་ཆེ་བར༔ སྒྲུབ་ཐབས་དེ་ལ་ནན་ཏན་གྱིས༔ ཟབ་ཕྱིར་དགེ་རིའི་བྲག་ལ་སྦས༔ མ་འོངས་དུས་ཀྱི་ཐ་མ་ལ༔ ལས་ཅན་གཅིག་དང་ཕྲད་ནས་ཀྱང༔ ཆོས་མཛད་རྣམས་ལ་ཕན་ཐོགས་ཤོག༔ ཅེས་གསུངས་པ་ལྟར། གཏེར་ཆེན་རཏྣ་གླིང་པས་གཉལ་སྨད་དགེ་རིའི་བྲག་ནས་བཏོན་པའོ། །འདིའི་ནང་དོན་ལ། བྱང་ཆུབ་སྒྲུབ་པའི་སྐྱེས་བུ་རྣམས་ལ་མཆོད་སྦྱིན་གྱི་ལོངས་སྤྱོད་རྒྱས་པའི་ཕྱིར། བསྒྲུབ་ཐག་ཉེ་ཞིང་ཕུགས་བཀྲ་ཤིས་པའི་ནོར་བདག་དགེ་བསྙེན་ཡེ་ཤེས་གྲག་གི་བསྒྲུབ་པ་ཉམས་སུ་ལེན་ཚུལ་བསྟན།

{{#arraymap:ནོར་བདག་ཡེ་ཤེས་གྲག་གི་གསང་སྒྲུབ་ཤིན་ཏུ་ཟབ་པ་

|; |@@@ | | }}