34327
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | བོན། སྟོན་པ་གཤེན་རབ་མི་བོ་མཆོག་(འཁྲུངས་འདས་ཕྱི་ལོའི་སྔོན་༡༦༠༡༧-༧༨༡༧) གིས་ཕོ་བྲང་དང་གསས་ཁང་སོགས་ཀྱི་ནོར་བདག་ཏུ་བསྐོས་པའི་ལྷ་སྲུང་ཞིག་ཡིན་ཏེ། གཡུང་དྲུང་ལས་རྣམ་པར་དག་པའི་རྒྱུད་ལས། སྒྲུབ་པ་གཤེན་གྱི་ཕོ་བྲང་ལ། གནོད་སྦྱིན་གཏེར་མཛོད་རྟེན་བཀོད་པ། ཞེས་སོ། །ལྔ་ནི། གང་བ་བཟང་པོ་དང། གནོད་སྦྱིན་དཔལ་བཟང་། རིན་ཆེན་དབྱིག་དབྱུག་འཛིན། ནོར་བུ་བཟང་པོ། འཛམ་བྷ་ལ་དང་ལྔ་སྟེ། དེ་ཉིད་ལས། ལྷོ་ཤར་གང་བ་བཟང་པོས་སྲུང་། བྱང་ཤར་གནོད་སྦྱིན་དཔལ་བཟང་སྟེ། བྱང་ནུབ་རིན་ཆེན་དབྱིག་དབྱུག་འཛིན། ལྷོ་ནུབ་ནོར་བུ་བཟང་པོ་སྟེ། དབུས་དང་ཕྱོགས་མཛོད་འཛམ་བྷ་ལ། ནོར་བདག་ལྔ་ལ་དབང་བསྐུར་ནས། ཞེས་སོ། ། |
Domain | ཆོས་ལུགས། |
{{#arraymap:ནོར་བདག་ལྔ་
|; |@@@ | | }}