34342

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ནོར་བུ་དགའ་འཁྱིལ་ (1)
Part of speech མིང་ཚིག
Definition ནོར་བུ་དགའ་འཁྱིལ་ནི་བོད་ཀྱི་རི་མོ་རྙིང་ཤོས་ཤིག་ཡིན། དགའ་འཁྱིལ་གྱི་རི་མོ་འདི་ཡང་ཕྱི་ནང་གསང་གསུམ་གྱི་འབྱུང་བའི་ཁམས་དང་སྦྱར་ནས་བཤད་ན། ཕྱི་སྣོད་ཀྱི་འབྱུང་བའི་ཁམས་དང་སྦྱར་བར། དགའ་འཁྱིལ་ནང་གི་རི་མོ་གསུམ་ནི། ངད་ཅན་གྲང་བ་རླུང་གི་ཡུལ་དང༌། སྐམ་ས་ཚ་གདུང་ཆེ་བ་མཁྲིས་པའི་ཡུལ། བརླན་ཅན་སྣུམ་པ་བད་ཀན་གྱི་ཡུལ་གསུམ་སྟེ་དབུས་གཙང་ཁམས་གསུམ་དང་སྦྱར་ཆོག་པ་ཞིག་རེད། དེ་ཡང་ངད་ཅན་གྲང་བ་རླུང་གི་ཡུལ་ཏེ་སྟོད་མངའ་རིས་བསྐོར་གསུམ་གྱི་ཡུལ་ཁམས་མཚོན་བྱེད། ཁ་དོག་ལྗང་ཁུ། སྐམ་ས་ཚ་གདུང་ཆེ་བ་མཁྲིས་པའི་ཡུལ་ཏེ་བར་དབུས་གཙང་རུ་བཞིའི་ཡུལ་ཁམས་མཚོན་བྱེད། ཁ་དོག་སེར་པོའམ་དམར་པོ། བརླན་ཅན་སྣུམ་པ་བད་ཀན་གྱི་ཡུལ་ཏེ་སྨད་མདོ་ཁམས་ཆུ་བཞི་སྒང་དྲུག་གི་ཡུལ་ཁམས་མཚོན་བྱེད། ཁ་དོག་སྔོན་པོ་བཅས་ཡིན། ནང་ལུས་ཁམས་དང་འབྲེལ་ནས་བཤད་ན། དགའ་འཁྱིལ་ནང་གི་རི་མོ་གསུམ་ནི། མིའི་ལུས་ཁམས་ཆགས་པའི་རྩ་བའི་གྲུབ་ཆ་གསུམ་སྟེ། རླུང་དང༌། མཁྲིས་པ། བད་ཀན་གསུམ་པོ་མཚོན་བྱེད་ཡིན་ཞིང༌། དེ་ཡང་རླུང་ནི་མིའི་ལུས་ཁམས་ཀྱི་གཡོ་འགུལ་བྱེད་པའི་ནུས་པ་དབུགས་ཀྱི་ཆ་ཐམས་ཅད་མཚོན་བྱེད། ཁ་དོག་ལྗང་གུ མཁྲིས་པ་ནི་མིའི་ལུས་ཁམས་ཀྱི་མེ་དྲོད་མཚོན་བྱེད། ཁ་དོག་དམར་པོའམ་སེར་པོ། བད་ཀན་ནི་མིའི་ལུས་ཀྱི་བརླན་གཤེར་ཏེ་ཆུ་ཁམས་མཚོན་བྱེད། ཁ་དོག་དཀར་པོའམ་སྔོན་པོ་ཡིན། གསང་བའི་ཁམས་དང་སྦྱར་ན། དགའ་འཁྱིལ་ནང་གི་རི་མོ་གསུམ་ནི། ཚེ་བསོད་དབང་ཐང་གསུམ་སྟེ། ཚེ་ཡི་རྒྱུན་ཆུ་བོ་ལྟར་རིང་བ་མཚོན་བྱེད་ཁ་དོག་སྔོན་པོ། བསོད་ནམས་ལྗོན་པའི་ཡལ་འདབ་རྒྱས་པར་མཚོན་བྱེད་ཁ་དོག་ལྗང་ཁུ། དབང་ཐང་གི་མེ་དཔུང་དྲག་ཏུ་འབར་བར་མཚོན་བྱེད་ཁ་དོག་དམར་པོ་བཅས་སོ། །

{{#arraymap:ནོར་བུ་དགའ་འཁྱིལ་

|; |@@@ | | }}

ནོར་བུ་དགའ་འཁྱིལ་ (2)
Part of speech མིང་ཚིག
Definition སྔར་བོད་ཀྱི་ལྷ་ལྕམ་ཚོའི་གཟབ་སྤྲོས་སྐབས་ལུས་སྨད་རྒྱབ་ངོས་ཀྱི་རྒྱན་ཆ་ཞིག

{{#arraymap:ནོར་བུ་དགའ་འཁྱིལ་

|; |@@@ | | }}