34351

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ནོར་བུ་མཐོང་གྲོལ་གྱི་ཁྲིད་ (1)
Part of speech མིང་ཚིག
Definition ཇོ་ནང་། ནོར་བུ་མཐོང་གྲོལ་གྱི་ཟབ་ཁྲིད་འདི་ཉིད་ཇོ་ནང་ཀུན་དགའ་གྲོལ་མཆོག་གིས་འཕགས་བོད་ཀྱི་རིས་སུ་མ་ཆད་པའི་མཁས་གྲུབ་རྣམས་ཀྱི་ཟབ་ཁྲིད་བརྒྱ་དང་བརྒྱད་ཕྱོགས་གཅིག་ཏུ་བསྡུས་པའི་ཟབ་ཁྲིད་ཀྱི་རིམ་པ་བརྒྱ་དང་བདུན་པ་ཡིན། བརྗོད་བྱ་ནི། གདོད་མའི་ཆོས་ཁམས་རང་བཞིན་གྱི་རིགས་ཀྱི་སྙིང་པོ་ལ་འཕེལ་འགྲུབ་མེད་ཅིང་། ཀ་དག་གི་གཤིས་ལ་གྲོལ་རྒྱུ་མེད་ཀྱང་། གནད་ཟབ་མོས་སྣང་སེམས་རང་ངོ་ཤེས་པའི་སྐད་ཅིག་ལ་གྲོལ་བའི་གདམས་པ་རྣམས་མདོར་བསྡུས་ཏེ་བསྟན་ཡོད། བརྒྱུད་རིམ་ནི། ཇོ་ནང་ཁྲིད་བརྒྱའི་མཚན་སྡོམ་ལས། ཀུན་བཟང་རྡོ་རྗེ་འཆང་དང་ས་ར་ཧ། ཤ་བ་རི་པ་མི་ཏྲ་ཛོ་ཀི་དང་། པད་འབྱུང་གྲུབ་ཆེན་ཡབ་བཞི་ཡུམ་བཞིར་བཅས། གཏེར་འབྱེད་གྲམ་པ་ཀུན་དགའ་བཟང་པོའི་མཚན། འཁྲུལ་ཞིག་ཀུན་དར་མ་དང་རྔོག་སྟོན་ཆེ། གྲགས་པ་དཔལ་འབྱོར་ནོར་བུ་རིན་ཆེན་པ། ཞེས་སོགས་བྱུང་ངོ་། །རྗེ་བཙུན་གྲོལ་མཆོག ནས། གསོལ་བ་འདེབས། ཞེས་པའི་བར་གཞན་རྣམས་དང་འདྲ། ཟབ་ཁྲིད་འདི་ནི་གཞུང་དེ་ཉིད་ལས། པྲ་མི་པའི་ཁྲིད་ཡིག་ལས་བཏུས་སོ། །ཞེས་འབྱུང་ངོ་། །
Domain ཆོས་ལུགས།