34359

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ནོར་བུ་རིན་པོ་ཆེའི་ཡོན་ཏན་བརྒྱད་ (1)
Part of speech མིང་ཚིག
Definition འཕགས་པ་དམ་པའི་ཆོས་དྲན་པ་ཉེ་བར་གཞག་པ་ལས་བྱུང་བ་སྟེ། མཚན་མོ་རབ་ཏུ་གསལ་བ་ཡིན་ཏེ། ཇི་ལྟར་སྟོན་ཀའི་ཟླ་བ་ཉ་བ་ནི། སྟོན་ཀ་འོད་གསལ་བར་འགྱུར་བ་དེ་ལྟར་ནོར་བུའང་མཚན་མོའི་མུན་པ་མུན་ནག་དག་ལ་དཔག་ཚད་བརྒྱར་འོད་བྱུང་ཞིང་ཉིན་པར་ཚ་བས་གདུངས་པ་རྣམས་ལ་ནི་འོད་བསིལ་བ་འབྱུང་སྟེ། ཚ་བ་སེལ་བར་བྱེད་པ་འདི་ནི་ནོར་བུ་དེའི་ཡོན་ཏན་གཅིག་ཡིན་ནོ། ། གང་གིས་ཚེ་ལམ་དུ་ཞུགས་པ་ལ་ཆུ་དང་བྲལ་བ་དེའི་ཚེ། སྐོམ་པས་གདུངས་པ་རྣམས་ལ་ཆུ་ཆེན་པོ་ཡན་ལག་བརྒྱད་དང༌། ལྡན་པ་རབ་ཏུ་འབྱུང་བར་འགྱུར་ལ་དེས་སྐོམ་པ་དེ་དག་ཐམས་ཅད་སེལ་བར་འགྱུར་ཏེ། འདི་ནི་ནོར་བུ་དེའི་ཡོན་ཏན་གཉིས་པ་ཡིན་ནོ། ། གང་འཁོར་ལོས་བསྒྱུར་བའི་རྒྱལ་པོས་བསམས་པ་ནོར་བུ་དེ་ལས་འབྱུང་སྟེ། འདི་ནི་ནོར་བུ་དེའི་ཡོན་ཏན་གསུམ་པ་ཡིན་ནོ། ། ནོར་བུ་དེའི་ཡོན་ཏན་བཞི་པ་ནི་ཡན་ལག་བརྒྱད་པར་འགྱུར་ཏེ། དེའི་ཆར་རེས་འོད་ཀྱི་ཁ་དོག་སྣ་ཚོགས་གཏོང་སྟེ། སྔོན་པོ་དང༌། སེར་པོ་དང༌། དཀར་པོ་དང༌། དམར་པོ་དང༌། བཙོད་ཀའི་ཁ་དོག་ལྟ་བུའོ། ། ནོར་བུ་དེའི་ཡོན་ཏན་ལྔ་པ་ནི་ནོར་བུ་དེ་གང་ན་འདུག་པ་དཔག་ཚད་བརྒྱར་ཉེ་བ་དག་གི་ནད་མེད་པར་འགྱུར། རྟག་ཏུ་ཡིད་མཉམ་པར་གཞག་པ་དང༌། དེའི་འདོད་པ་ཐམས་ཅད་ལས་ཇི་ལྟ་བ་བཞིན་དུ་འབྲས་བུ་མེད་པར་མི་འགྱུར་རོ། ། ནོར་བུ་དེའི་ཡོན་ཏན་དྲུག་པ་ནི་ཀླུ་ངན་པས་ཆར་མི་བཟད་པ་མངོན་པར་དབབ་པར་མི་ནུས་སོ། །ནོར་བུ་དེའི་ཡོན་ཏན་བདུན་པ་ནི་མྱ་ངམ་དང༌། གཡང་ས་དང༌། དགོན་པ་དང༌། ཤིང་ལྗོན་པ་དང༌། ཡུལ་དང་བྲལ་བ་རྣམས་ཤིང་ལྗོན་པ་དང༌། མཚེའུ་དང༌། ཚལ་དང༌། པདྨ་དང༌། ནགས་ཚལ་དང༌། ནེའུ་གསིང་ཕུན་སུམ་ཚོགས་པར་འགྱུར་རོ། །ནོར་བུ་དེའི་ཡོན་ཏན་བརྒྱད་པ་ནི་མི་གང་ཡང་དུས་མ་པར་འཆི་བར་མི་འགྱུར་ཞིང༌། དུད་འགྲོའི་འགྲོ་བར་མི་འགྱུར་ཏེ། དུད་འགྲོའི་འགྲོ་བ་དག་གིས་ཀྱང་གནོད་པར་མི་འགྱུར་རོ། །
Domain ཆོས་ལུགས།