34377
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ནོར་བུའི་རྒྱལ་པོ་མཚན་དང་ལྡན་པའི་གསེར་དཔལ་གྱི་རྒྱལ་མཚན་གྱི་སྤྲིན་ཆར་མངོན་པར་བབ་བོ། ནོར་བུའི་རྒྱལ་པོ་འོད་ཀྱི་རྣམ་པར་གསལ་བར་བྱེད་པའི་སྤྲིན་ཆར་མངོན་པར་བབ་བོ། ནོར་བུའི་རྒྱལ་པོ་ཕྱོགས་བཅུར་རིན་པོ་ཆེའི་འཁོར་ལོ་རབ་ཏུ་འགྲེམ་པའི་སྤྲིན་གྱི་ཆར་མངོན་པར་བབ་བོ། ནོར་བུའི་རྒྱལ་པོ་བྱང་ཆུབ་སེམས་དཔའི་གཟུགས་བརྙན་རིན་པོ་ཆེའི་སྙིང་པོའི་སྤྲིན་གྱི་ཆར་མངོན་པར་བབ་བོ། ནོར་བུའི་རྒྱལ་པོ་སངས་རྒྱས་ཐམས་ཅད་ཀྱི་མཚན་གྱི་འཁོར་ལོ་རབ་ཏུ་སྒྲོག་པའི་སྤྲིན་གྱི་ཆར་མངོན་པར་བབ་བོ། །ནོར་བུའི་རྒྱལ་པོ་སྤྲིན་གྱི་ཆར་མངོན་པར་བབ་བོ། ནོར་བུའི་རྒྱལ་པོ་ཞིང་གི་རྣམ་པར་སྣང་བར་བྱེད་ཅིང་སྙིང་པོ་བྱང་ཆུབ་ཏུ་དཔལ་རབ་ཏུ་འབར་བའི་སྤྲིན་གྱི་ཆར་མངོན་པར་བབ་བོ། ནོར་བུའི་རྒྱལ་པོ་ཕྱོགས་བཅུར་སྣང་བའི་སྤྲུལ་པ་འགྱེད་པའི་སྤྲིན་གྱི་ཆར་མངོན་པར་བབ་བོ། ནོར་བུའི་རྒྱལ་པོ་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཡོན་ཏན་གྱི་འཁོར་ལོ་དང་མཐུ་རབ་ཏུ་གྲག་པར་བྱེད་པའི་སྤྲིན་གྱི་ཆར་མངོན་པར་བབ་བོ། ནོར་བུའི་རྒྱལ་པོ་ཉི་མའི་དཔལ་གྱི་གཟི་བརྗིད་གྱི་སྤྲིན་གྱི་ཆར་མངོན་པར་བབ་བོ། ནོར་བུའི་རྒྱལ་པོ་རོལ་མོའི་སྒྲ་ཡིད་དུ་འོང་བས་ཕྱོགས་ཐམས་ཅད་ཁྱབ་པར་བྱེད་པའི་སྤྲིན་གྱི་ཆར་མངོན་པར་བབ་པའོ། ། |
| Domain | ཆོས་ལུགས། |