34408

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ནོར་རྒྱུན་མའི་སྨོན་ལམ་ (1)
Part of speech མིང་ཚིག
Definition ནོར་གྱི་དངོས་གྲུབ་སྟེར་བའི་ལྷ་མོ་ནོར་རྒྱུན་མའི་སྨོན་ལམ་དང་བསྟོད་པ་དཔང་ལོ་ཙཱ་བ་དཔལ་ལྡན་བློ་གྲོས་བརྟན་པས་རྒྱ་ནག་གི་སྐད་ནས་བསྒྱུར་བའི་བརྩམ་ཆོས་ཤིག དཔང་ལོ་ཙཱ་བ་དཔལ་ལྡན་བློ་གྲོས་བརྟན་པས་ཞོལ་ཕུག་ཏུ། རྒྱ་དཔེ་ལས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ། ཆོས་ཚན་འདི་བུ་སྟོན་དཀར་ཆག་ཏུ་སྨོན་ལམ་དང་། བསྟོད་པ་ཞེས་དང་། པེ་ཅིང་པར་མ་དང། སྣར་ཐང་སྡེ་དགེ་པར་མ་རྣམས་ཀྱི་དཀར་ཆག་ཏུ་དཔལ་ནོར་རྒྱུན་མའི་སྨོན་ལམ་དང་། དཔལ་ནོར་རྒྱུན་མའི་བསྟོད་པ་ཞེས་ཆོས་ཚན་གཉིས་རེ་ཕྱེས་འདུག བསྟན་འགྱུར་རྒྱུད་མུ་པར་བཞུགས།