34414
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | འདུན་ཁུར་ལོ་བཅུ་གཉིས་པོ་དབང་ཁམས་གང་ཡིན་ལ་བརྟེན་ནས་ཁག་ལྔར་དབྱེ་བའི་ནང་གསེས་ཤིག་སྟེ། སྲོག་ཁམས་ཀྱི་དགྲར་འོང་བའི་དབང་ཁམས་ཆུ་ཡིན་པ་ཆུ་ཡི་རྟ་སྤྲུལ་གཉིས་ཡིན། དེ་གཉིས་ལས་གང་ཞིག་གནམ་ལོར་ཤར་དུས་སྐྱེས་པ་ཡིན་ན། བརྩི་བྱ་དེའི་ནོར་རྫས་ལ་གང་སྟོངས་རབ་ཏུ་ཆེ། ཉེ་བ་དགྲར་ལངས་ཤིང་དམེ་གྲི་འཁོར། མྱ་ངན་དགའ་བ་དང་སྐྱིད་སྡུག་རེ་མོས་བྱེད་པས། བཅོས་སུ་མཎྜལ་བཞི་པ་དང་། གསུང་རབ་དབུ་བཞི། བཀྲ་ཤིས་བརྩེགས་པ། གཡང་སྐྱབས་བཅས་གདོན་དགོས། |
| Domain | རྩིས་རིག |