34415

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ནོར་རྫས་ཀྱི་སེ་ཞིག་ (1)
Part of speech མིང་ཚིག
Definition སེ་ཤིག་ལོ་བཅུ་གཉིས་པོ་དབང་ཁམས་གང་ཡིན་ལ་བརྟེན་ནས་ཁག་ལྔར་དབྱེ་བའི་ནང་གསེས་ཤིག་སྟེ། སྲོག་ཁམས་ཀྱི་བུར་འགྲོ་བའི་དབང་ཁམས་ཆུ་ཡིན་པ་ཆུ་ཡི་བྱ་སྤྲེལ་གཉིས་ཡིན། དེ་གཉིས་ལས་གང་ཞིག་གནམ་ལོར་ཤར་དུས་སྐྱེས་པ་ཡིན་ན། བརྩི་བྱ་དེའི་ཕ་མེས་ཕྱུག་ཀྱང་རང་ཉིད་ཀྱི་ནོར་ལ་གང་སྟོངས་འབྱུང་། རང་བྱས་ངོ་སོ་གཞན་ལ་འཆོར། བྱས་པའི་ལས་ལ་གཞན་མགུ་བ་ཉུང་། དུར་ས་ཁང་ས་མང་དུ་འཕོ་ཞིང་ཕ་མ་ཡ་བྲལ་འབྱང་དོགས་ཡོད་པས། བཅོས་སུ་ནོར་སྒྲུབ་དང་། གཡང་འགུགས། བཀྲ་བརྩེགས། གཡང་སྐྱབས་བཅས་གདོན་དགོས།
Domain རྩིས་རིག