34484

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
པ་ (1)
Part of speech མིང་ཚིག
Definition བོད་ཡིག་གི་གསལ་བྱེད་བཅུ་གསུམ་པ་སྟེ། འདིའི་ང་རོ་འདོན་ཚུལ་ནི། སྐྱེ་གནས་མཆུ་དང༌། བྱེད་པ་མཆུ་སྦྱར་ཞིང་བཙུམ་པ། སྒྲ་འབྱིན་ཚུལ་དམ་པ། མིང་གཞིའི་རྟགས་ཀྱི་དབྱེ་བའི་ཕོ་ཡིག་ཅིག
པ་ (1)
Part of speech ཕྲད་ཚིག
Definition མིང་གི་མཐར་པ་ཡིག་གསར་དུ་སྦྱར་བ་ལས་སྦྱར་བྱའི་མིང་དེ་དག་གི་རང་སྟེང་གི་དོན་དེ་མི་སྟོན་པར། མིང་དེ་ལྡན་གྱི་དངོས་པོའི་བདག་པོའམ། བྱ་བ་བྱེད་མཁན་ནམ། ཆོས་དེ་ལྡན་གྱི་གང་ཟག་ཅིག་སྟོན་བྱེད་དུ་འཇུག་སྟེ། སྦྱོར་ཚུལ་ནི་རྗེས་འཇུག་ག་ད་བ་ས་དང་ན་མ་རྣམས་ཀྱི་རྗེས་སུ་པ་ཡིག་སྦྱོར་བ་ཤས་ཆེ།
Keyword True
Example འབྲོག་པ། བོད་པ། འཕྲིན་ལས་པ། ལས་བྱེད་པ་ལྟ་བུ།
པ་ (1)
Part of speech གྲོགས་ཚིག
Definition མིང་གང་ཞིག་གི་ཆ་ཤས་སམ་མིང་མཐའ་ལ་འཇུག་སྟེ།
Example བུམ་པ། རིག་པ། དམ་པ་ལྟ་བུ།
པ་ (2)
Part of speech གྲོགས་ཚིག
Definition གྲངས་ཀྱི་རིམ་པ་སྟོན་བྱེད་ཀྱི་མིང་གི་ཆ་ཤས་ལ་འཇུག་སྟེ།
Example གསུམ་པ། བཞི་པ་ལྟ་བུ།