34532
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ལོ་རེ་བཞིན་སྐྱེ་བའི་སྔོ་སྨན་རིགས་ཀྱི་སྐྱེ་དངོས་ཤིག་སྟེ། རྩ་བ་སེར་སྐྱ་སྒོར་ལ་ཅུང་ལེབ་ཅིང་གླང་ཆེན་གྱི་རྐང་བོལ་འདྲ་བ་གཅིག་གིས་གཅིག་མཐུད་དེ་དུང་དཀར་ལྟ་བུའི་རི་མོ་གསལ་ཞིང་ཨ་ར་ལྟ་བུའི་རྩ་ཕྲན་ཐར་ཐོར་ཡོད་པ། སྡོང་པོ་ཕྲ་ལ་འདྲོང་བ་མཐོ་གང་ལྷག་ཙམ་ཡོད་ཅིང༌། ལོ་མ་སྔོ་ལྗང་སྲབ་ལ་འཇམ་པ་རལ་གྲིའི་དབྱིབས་སམ་རུག་པའི་ལོ་མ་འདྲ་བ་རེ་མོས་སུ་སྐྱེས་པ་ལོ་མའི་རྟིང་པས་སྡོང་པོ་བཏུམ་ཡོད། མེ་ཏོག་ཟིང་དམར་ཆུང་ཞིང་འདབ་མ་ལྔ་དང་ལྡན་པ་སྡོང་པོའི་རྩེར་བང་རིམ་དུ་འཆར་བ་དང༌། འབྲས་བུ་ཁ་སྦྱར་ཟླུམ་ནར་སུལ་དྲུག་རྩེ་མོར་མེ་ཏོག་གོག་ཤུལ་ལུས་པ་འདོགས་པ་སྟེ། སྤོ་ཡུལ་དང༌། ཉིང་ཁྲི། སྨན་གླིང༌། སྐྱིད་གྲོང་སོགས་ཀྱི་རི་ལྡེབས་དང་རི་ཐང་མཚམས་སུ་སྐྱེ་བ་མང་བ། རྩ་བ་བོད་ཟླ་བརྒྱད་པའི་ནང་བཏུས་ཏེ་ཁ་སྤུ་དང་རྒྱུས་ཕྲན་དོར་ནས་ས་དྲེག་སོགས་གཙང་མ་བཀྲུས་ཐོག་བསྐམས་ནས་སྨན་དུ་སྤྱོད་རྒྱུ། མངར་ལ་ཅུང་ཁ་བ། ཞུ་རྗེས་མངར་བ། ནུས་པ་བསིལ་ཞིང་རྣོ་བས་སྲིན་གྱི་ནད་རིགས་དང༌། ཟས་ཀྱི་ཡི་ག་འབྱེད་པར་བྱེད་པ་ཡིན། |