34534

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
པ་ཏྲ་ (1)
Part of speech མིང་ཚིག
Definition དཔལ་བེའུ་དང་ཆ་འདྲའི་རི་མོའི་རིགས་ཤིག
པ་ཏྲ་ (2)
Part of speech མིང་ཚིག
Definition མཚོར་གནས་སྲོག་ཆགས་ཉ་རིགས་ཤིག་གི་རང་གྲུབ་རུས་སྐོགས་ལས་བྱུང་བ་ཞིག་སྟེ། དབྱིབས་ཉ་ཕྱིས་དང་འདྲ་བ་གང་ཞིག སྒོར་མོ་རྣ་འདྲ་བ་ཕུག་ཏུ་དུང་འཁྱིལ་ཅུང་ཟད་ཡོད་པ། ཕྱི་ལ་གཉེར་རིས་ཆུའི་རྦ་རླབས་འདྲ་ལ་ཆུ་དྲེག་དང་རྡོ་རྩི་ཐོག་ཡོད་པ་ཆེ་ཆུང་ཅི་རིགས་འབྱུང་ཡང་ཕལ་ཆེ་བ་མི་དར་མའི་ལག་པ་ཙམ་ཡོད་པ། ནང་གི་ཁུག་ལྡེབས་སུ་མུ་ཏིག་ལྟ་བུ་ཆགས་པའི་ཁུང་བུ་བདུན་བརྒྱད་ཙམ་རིམ་པ་སྟར་ཆགས་ཡོད་པ་དེ་དག་ཀྱང་མདོར་བསྡུས་ན། ཆེ་ལ་ཤ་མཐུག་པ་ཆུ་དྲེག་དང་རྡོ་རྩི་མེད་པ་ནང་འཇམ་ཞིང་སྙོམས་ལ་འཇའ་འོད་ཅན་རྣམས་མཆོག་དང༌། དེ་ལས་གཞན་པ་རྣམས་ནི་ཕལ་བའམ་དམན་པའོ། །མཆོག་དམན་གྱི་ཁྱད་པར་ལས། ཨ་ཡི་པ་ཏྲ་དང༌། ཀེ་ལ་པ་ཏྲ་ཞེས་རིགས་གཉིས་སུ་དབྱེ། རོ་ལན་ཚྭ་བ། ཞུ་རྗེས་མངར་བ། ནུས་པ་སྙོམས་པ། ངོ་བོའི་ནུས་པས་དུག་ནད་སེལ་ཞིང་མིག་ལ་ཕན་པ་དང༌། ཁྱད་པར་སྦྱར་དུག་བརྟག་དང་སྲུང་བར་ནུས་པ་ཏེ། འདིའི་ནང་དུ་ཟས་བླུགས་པས་སྦྱར་དུག་ཡོད་ན་ཚེག་སྒྲ་དང་བཅས་ཡར་བ་དང༌། ཁོལ་བ། ལྦུ་བ་གསོབ་པ་སོགས་སྟོབས་དང་མཐུན་པའི་རྟགས་ཡོང་ལ། གྱུར་དུག་ཕྲན་བུ་ཞག་རེ་བཞག་པས་མེད་པར་གྱུར་པའི་ནུས་པ་དང་ལྡན་པའོ། །