3472

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཁང་ཁྱིམ་ཞིང་སའི་རྩིས་འབྲས་ (1)
Part of speech མིང་ཚིག
Definition རྩིས་གཞི་འདིར་རྣམ་གྲངས་བརྒྱད་ཡོད་པ་ལས་དང་པོ་རྩིས་གཞི་དེའི་ཡར་གྱི་བཞི་བའི་སྲོག་ལ་བརྩི་བྱའི་སྲོག་གིས་འཐབ་པའི་རྡེའུ་དེས་བྱང་ནས་གཡུ་བྱ་དངུལ་ལམ་དུ་ཞུགས་མ་ཞུགས་ལ་བརྟག་དགོས་ཤིང་། འཐབ་པའི་རྡེའུ་ལ་དཀར་པོ་བྱུང་ན་མ་ཞུགས་པས་ཁང་བར་བཟང་། གལ་སྲིད་ནག་པོ་བྱུང་ན་ཞུགས་པས་ཁང་ཁྱིམ་སར་ཤིན་ཏུ་ངན། གཉིས་པ་རྩིས་གཞི་དེའི་མར་གྱི་བཞི་བའི་ལུས་ལ་བརྩི་བྱའི་ལུས་ཀྱིས་འཐབ་པའི་རྡེའུ་དེས་དབང་ལྡན་ནས་རྒྱལ་པོའི་ཕོ་བྲང་བཏབ་མ་བཏབ་ལ་བརྟག་དགོས་ཤིང་། འཐབ་པའི་རྡེའུ་ལ་དཀར་པོ་བྱུང་ན་མ་བཏབ་པས་བཟང་། གལ་སྲིད་ནག་པོ་བྱུང་ན་བཏབ་པས་ངན། བཅོས་རིམ་ལ་རྒྱལ་པོ་རྫོང་འདེབས་དང་རྒྱལ་མདོས་བྱ་དགོས། གསུམ་པ་རྩིས་གཞི་དེའི་ཡར་གྱི་བཅུ་གཅིག་པའི་དབང་ཁམས་ལ་བརྩི་བྱའི་དབང་ཁམས་ཀྱིས་འཐབ་པའི་རྡེའུ་དེས་ཤར་ནས་ལྷ་ཁང་ཁྱུང་མགོས་མནན་མ་མནན་ལ་བརྟག་དགོས་ཤིང་། འཐབ་པའི་རྡེའུ་ལ་དཀར་པོ་བྱུང་ན་མ་མནན་པས་བཟང་། གལ་སྲིད་ནག་པོ་བྱུང་ན་མནན་པས་ངན། བཅོས་རིམ་ལ་དཀར་ཕྱོགས་ཀྱི་རིམ་གྲོར་འབད་དགོས། བཞི་པ་རྩིས་གཞི་དེའི་མར་གྱི་བཅུ་གཅིག་པའི་ཀླུང་རྟར་བརྩི་བྱའི་ཀླུང་རྟས་འཐབ་པའི་རྡེའུ་དེས་མེ་ནས་བདུད་རླུང་ནག་པོ་ལངས་མ་ལངས་ལ་བརྟག་དགོས་ཤིང་། འཐབ་པའི་རྡེའུ་ལ་དཀར་པོ་བྱུང་ན་མ་ལངས་པས་བཟང་། གལ་སྲིད་ནག་པོ་བྱུང་ན་ལངས་པས་ངན། བཅོས་རིམ་ལ་མཆོད་རྟེན་དང་ལྷ་ཁང་བཞེང་དགོས། ལྔ་པ་རྩིས་གཞི་དེའི་ཡར་གྱི་བདུན་པའི་སྲོག་ལ་བརྩི་བྱའི་སྲོག་གིས་འཐབ་པའི་རྡེའུ་དེས་ལྷོ་ནས་རི་ལ་གཡང་ཤིང་རྒྱས་མ་རྒྱས་ལ་བརྟག་དགོས། འཐབ་པའི་རྡེའུ་ལ་དཀར་པོ་བྱུང་ན་རྒྱས་པས་བཟང་། གལ་སྲིད་ནག་པོ་བྱུང་ན་མ་རྒྱས་པས་ངན། བཅོས་རིམ་ལ་གཡང་ལོན་གཡང་སྐྱབས་བྱས་ན་ཅུང་ཙམ་ཞིག་ནས་ཤིས་པར་འགྱུར། དྲུག་པ་རྩིས་གཞི་དེའི་མར་གྱི་བདུན་པའི་ལུས་ལ་བརྩི་བྱའི་ལུས་ཀྱིས་འཐབ་པའི་རྡེའུ་དེས་བདེན་བྲལ་ནས་གདགས་སྲིབས་ཀྱི་ཕྱོགས་ལོག་མ་ལོག་ལ་བརྟག་དགོས་ཤིང་། འཐབ་པའི་རྡེའུ་ལ་དཀར་པོ་བྱུང་ན་མ་ལོག་པས་བཟང་། གལ་སྲིད་ནག་པོ་བྱུང་ན་ལོག་པས་ཡུལ་བདག་དང་ཁང་བདག་ལ་ངན། བདུན་པ་རྩིས་གཞི་དེ་རང་གི་དབང་ཁམས་ལ་བརྩི་བྱའི་དབང་ཁམས་ཀྱིས་འཐབ་པའི་རྡེའུ་དེས་ནུབ་ནས་གཤིན་ལམ་ནག་པོ་བྱེ་མ་བྱེ་ལ་བརྟག་དགོས་ཤིང་། འཐབ་པའི་རྡེའུ་ལ་དཀར་པོ་བྱུང་ན་མ་བྱེ་བས་རྒན་པ་ཚེ་རིང་ཞིང་གཞོན་ལ་དཔལ་ཆེ་འོང་། གལ་སྲིད་ནག་པོ་བྱུང་ན་བྱེ་བས་ངན། བཅོས་རིམ་ལ་གསོན་གཤིན་ལག་སྦྲེལ་གཅོད་དགོས། བརྒྱད་པ་རྩིས་གཞི་དེ་རང་གི་ཀླུང་རྟར་བརྩི་བྱའི་ཀླུང་རྟས་འཐབ་པའི་རྡེའུ་དེས་ས་སྲིན་གཉའ་ཡན་དུར་མཛོད་དུ་འདུར་མ་འདུར་ལ་བརྟག་དགོས་ཤིང་། འཐབ་པའི་རྡེའུ་ལ་དཀར་པོ་བྱུང་ན་མ་འདུར་བས་བཟང་། གལ་སྲིད་ནག་པོ་བྱུང་ན་འདུར་བས་དུར་ཁ་བྱེ་སྟེ་ངན། རིམ་གྲོར་ས་སྲིན་ཐོད་མནན་ཞིང་དུར་ཁ་ཚེ་བཟློག་བྱ་དགོས།
Domain རྩིས་རིག