34926

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
པཎ་གྲུབ་བཟང་པོ་བཀྲ་ཤིས་ (1)
Part of speech མིང་ཚིག
Definition རབ་བྱུང་བརྒྱད་པའི་ཤིང་ཡོས་ཕྱི་ལོ ༡༤༩༥ ལོར་བྱང་ཕྱི་འབྲོག་དོལ་ཁྲོད་དུ་འཁྲུངས། ལྕགས་ཐང་རབ་འབྱམས་པ་བྱམས་པ་བསོད་ནམས་སོགས་བཤེས་གཉེན་ལྔ་བསྟེན། མདོ་སྔགས་རིག་གནས་ཀུན་ལ་སྦྱངས། ཞེ་གསུམ་པར་མཉན་ཡོད་བྱ་གཤོངས་ཀྱི་གདན་སའི་ཁྲིར་བཞུགས། གདན་ས་ལོ་བདུན་བར་བསྐྱངས། འཆད་ཉན་དང་། གཏོང་སྒོ་སོགས་ཡར་ལྡན་དུ་མཛད། ཞེ་དགུ་པར་ངམ་རིང་གི་དབུ་མཛད་དང་། ཡ་ག་ཆོས་སྡིངས་ཀྱི་བཤད་གྲྭ་བསྐྱངས། ང་གསུམ་པར་ཆོས་སྡེ་ཆེན་པོའི་ཁྲིར་བཞུགས། ལོ་བཅོ་བརྒྱད་རིང་འཆད་ཉན་གྱི་རྒྱུན་བསྲིངས། བདུན་ཅུ་པ་རབ་བྱུང་དགུ་པའི་ཤིང་བྱི་ཕྱི་ལོ ༡༥༦༤ ལོར་སྐུ་གཤེགས།