34930

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
པཎ་ཆེན་ཆོས་དཔལ་རྒྱ་མཚོ་ (1)
Part of speech མིང་ཚིག
Definition འཁྲུངས་འདས་ཀྱི་ལོ་ཚིགས་མི་གསལ་ནའང་། དུས་རབས་བཅུ་བདུན་པའི་མི་ཡིན་པ་འདྲ། དབུས་ཀྱི་མངའ་རིས་གྲྭ་ཚང་དང་། རི་བོ་མདངས་ཅན། རོང་ཚོ་ཆོས་སྡེ། རི་མཁར། ཤངས་འབྲས་སྤུངས་སོགས་གྲྭ་ས་མང་པོའི་མཁན་པོ་མཛད། གནས་རྙིང་རྒྱལ་པོ་འདྲེ་ངན་གདུག་པ་ཅན་བཏུལ་བས་མཐུ་སྟོབས་ཆེ། ཆོས་སྡེ་བཀྲ་ཤིས་ལྷུན་པོའི་གདན་སར་ཕེབས། ལོ་འགར་ཆོས་སྲིད་གཉིས་ཀྱི་འགན་ཁུར། བཀྲ་ཤིས་ལྷུན་པོའི་ཁྲི་པ་བཅུ་གཅིག་པ་ཡིན།